ཀོང་ཏུང་ཀྲན་ཅང་ནས་ལོ་སིའི་ཝན་ཐེན་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།
ཉེ་ཆར། ལོ་སིའི་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་QV863ཀྲན་ཅང་ཝུའུ་ཁྲོན་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་དེ་ཐོག་ནས། ཀོང་ཏུང་ཀྲན་ཅང་ནས་ལོ་སིའི་ཝན་ཐེན་བར་གྱི་རྒྱལ་སྤྱིའི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད་ལ། གནམ་ཐང་དེའི་རྒྱལ་སྤྱིའི་མཁའ་ལམ་ཐོག་མ་དངོས་སུ་འཁོར་རྒྱུག་ཐུབ་པའང་མཚོན་ནས་ཀོང་ཏུང་གི་ནུབ་རྒྱུད་ས་ཁུལ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨེ་ཤེ་ཡ་ཤར་ལྷོར་ཐད་ཀར་འཕུར་བའི“མཁའ་དབྱིངས་ཀྱི་སྦྲེལ་ཟམ”ཞིག་བདེ་བླག་ངང་བསྐྲུན་ཡོད། “ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་འཕུར་འགོ་ཚུགས་པ་དང‘ཝན་ཐེན’གསར་སྒྱུར”བརྗོད་དོན་གཙོ་བོར་བྱས་པའི་འཕུར་སྐྱོད་ཐོག་མའི་བྱེད་སྒོའང་དུས་གཅིག་ཏུ་གནམ་ཐང་དུ་སྤེལ་ཞིང་། ཀོང་ཀྲོའུ་རུ་བཅའ་སྡོད་ལོ་སིའི་ས་གནས་སྤྱི་ཁྱབ་གཞུང་ཚབ་ཕན་ཐཱ་ཧྥུང·པུའུ་ཐཱ་ས་ཧྥུང་བྱེད་སྒོར་ཞུགས་པ་རེད།
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྦྲེལ་མཐུད་བྱེད་པའི་སྒོ་མོ་གཙོ་བོ་ཡིན་པའི་ངོས་ནས། ཀྲན་ཅང་གྲོང་ཁྱེར་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲན་ཅང་གྲོང་ཁྱེར་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་81.5ཟིན་ཏེ་དུས་མཚུངས་ལས་9.5%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།