ཧེ་ལུང་ཅང་གིས“དགུན་ཁར་གྲང་ཆུའི་ཉ་འཛིན་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ།
ཉེ་ཆར། 2025 ལོའི་ཧེ་ལུང་ཅང་གིས་ཏཱ་ཆིང་གྲོང་ཁྱེར་ཏུར་པོ་ཐེ་སོག་རིཌ་རང་སྐྱོང་རྫོང་ལེན་ཧོན་མཚེའུ་རུ“དགུན་ཁར་གྲང་ཆུའི་ཉ་འཛིན་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་རེད། ས་གནས་ས་ཐོག་ཏུ“མཚོ་ལྷ་གསོལ་ནས་རྙི་འདོན་པ”དང་ཉ་ཕུད་ཧབ་ཚོང་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། “ས་ནག་སྤུས་ལེགས་ཐོན་རྫས” སོགས་ཐོན་རྫས་སྤུས་ལེགས་དང་གྲགས་ཅན་གྱི་འགྲེམས་ཚོང་ཁུལ་བཙུགས་པ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”ལུང་ཅང་གཙང་པོའི་གྲང་ཆུའི་ཉ་ལས་འཕེལ་རྒྱས་གྲུབ་འབྲས་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཡང་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།