དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞུང་ཨན་དུ་ཁ་བཀྲམ་པའི་ཁག་གཉིས་པའི་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་4ཚང་མ་ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-02

    2025ལོའི་ཟླ་12ཚེས་25ཉིན་ནས་ཚེས་28ཉིན་བར། ཀྲུང་གོ་ཞིང་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ཁྲེང་ཐུང་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་སྔ་རྗེས་སུ་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་སྤྱི་ཁྱབ་པུའུ་ཡི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། ཀྲུང་གོ་ཏ་ཐང་ཞུང་ཨན་སྤྱི་ཁྱབ་པུའུ་ཡི་རྣམ་གྲངས་དེ་2025ལོར་སྐྲུན་འགོ་ཚུགས་པ་དང་། མིག་སྔའི་བར་ཞུང་ཨན་དུ་ཁ་བཀྲམ་པའི་ཁག་གཉིས་པའི་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་4ཚང་མ་དངོས་སུ་ལས་འགོ་ཚུགས་ཡོད།

    ཞུང་ཨན་དུ་ཁ་བཀྲམ་པའི་ཁག་དང་པོའི་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་4ཡི་འཛུགས་སྐྲུན་བདེ་བླག་བྱུང་ཞིང་། ཀྲུང་གོའི་སྐར་དྲ་སྤྱི་ཁྱབ་པུའུ་དང་དེའི་ཁོངས་གཏོགས་ཁེ་ལས་2024ལོའི་ཟླ་10པར་བཅའ་སྡོད་བྱས་ནས་ལས་དོན་སྒྲུབ་འགོ་ཚུགས་པ་དང་། ཀྲུང་གོ་ཀྲུང་ཧྭ་དང་ཀྲུང་གོ་ཧྭ་ནེང་2025ལོའི་ཟླ་10ཚེས་9ཉིན་ཞུང་ཨན་དུ་གནས་སྤོས་བཅའ་སྡོད་བྱས་ནས་ལས་དོན་སྒྲུབ་འགོ་ཚུགས་པ། ཀྲུང་གོ་གཏེར་རྫས་སྤྱི་ཁྱབ་པུའུ་ཡི་རྣམ་གྲངས་ཀྱི་ཁང་པའི་གྲུབ་ཆ་གཙོ་བོར་ཐོག་བཀབ་ཟིན་ནས་དུས་ཚོད་དམ་འཛིན་གྱིས་མཛེས་བཟོ་སོགས་བྱེད་བཞིན་ཡོད། མིག་སྔའི་བར། ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་8ཞུང་ཨན་དུ་ཁ་འགྲེམས་གཞིས་ཆགས་བྱུང་བ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ཡན་ལག་དང་ཉིང་ལག་སྒྲིག་གཞི་400ལྷག་ཙམ་དང་པེ་ཅིང་རང་གི་ཁེ་ལས་4000ལྷག་ཙམ་ཞུང་ཨན་དུ་གཞིས་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།