2025ལོར་རྒྱལ་ཡོངས་ཀྱི་སྲིང་བལ་ཐོན་ཚད་དུས་མཚུངས་ལས་7.7%འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་12ཚེས་26ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་སྲིང་བལ་ཐོན་ཚད་ཏུན་ཁྲི་664.1ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་47.7འཕར་བ་དང་འཕར་ཚད་7.7%ཟིན་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། འདེབས་ཁྱོན་འཕར་བ་དང་མུའུ་རེའི་ཐོན་ཚད་མང་དུ་ཕྱིན་པའི་ཐུན་མོང་སྐུལ་ཁྲིད་འོག རྒྱལ་ཡོངས་ཀྱི་སྲིང་བལ་ཐོན་ཚད་འཕར་ཡོད་པ་རེད།
2025ལོར་རྒྱལ་ཡོངས་ཀྱི་སྲིང་བལ་འདེབས་ཁྱོན་མུའུ་ཁྲི་4468.7ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི་211.3འཕར་བ་དང་འཕར་ཚད་5.0%ཟིན་ཡོད། རྒྱལ་ཡོངས་ཀྱི་སྲིང་བལ་མུའུ་རེའི་ཐོན་ཚད་སྤྱི་རྒྱ་148.6ཟིན་པ་དེ་ལོ་གོང་མ་ལས་མུའུ་རེར་སྤྱི་རྒྱ་3.8འཕར་བ་དང་། འཕར་ཚད་2.6%ཟིན་ནས་ལོ་དྲུག་བསྟུད་མར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།