དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་ཚད་གཞི་ལོན་ཚད་84.9%ཟིན་པ།

    ལུས་རྩལ་སྦྱོང་བརྡར་ནང་ཞུགས་པའི་མི་ཚོགས་རྒྱུན་མཐུད་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-02

    ཉིན་ཤས་གོང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས《རྒྱལ་ཡོངས་ཀྱི་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་ལྟ་ཞིབ་ཚད་ལེན་སྤྱི་བསྒྲགས་ཐེངས་དྲུག་པ》དང《2025ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་ཚུལ་གྱི་བརྟག་དཔྱད་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། རང་རྒྱལ་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བའི་རྣམ་པ་མངོན་པ་དང་། ལུས་རྩལ་སྦྱོང་བརྡར་ནང་ཞུགས་པའི་མི་ཚོགས་རྒྱུན་མཐུད་མང་དུ་ཕྱིན་ཡོད་པ་རེད།

    ལོ་ལྔར་ཐེངས་རེ་སྤེལ་བའི་རྒྱལ་ཁབ་རིམ་པའི་གཟུགས་གཞི་བདེ་ཐང་གི་ལྟ་ཞིབ་ཚད་ལེན་གྲུབ་འབྲས་ཡིན་པའི《རྒྱལ་ཡོངས་ཀྱི་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་སྤྱི་བསྒྲགས་ཐེངས་དྲུག་པ》ལས་མངོན་པར། རང་རྒྱལ་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་གནས་ཚུལ་ནི“ཚད་ལོན”རིམ་པ་དང་དེ་ཡན་སླེབས་པའི་མི་གྲངས་ཀྱི་བསྡུར་ཚད་84.9% ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་0.8འཕར་བ་དང་། “ཅུང་ལེགས་པའི”རིམ་པ་དང་དེ་ཡན་སླེབས་པའི་མི་གྲངས་ཀྱི་བསྡུར་ཚད་30.9% ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་1.5འཕར་ཡོད་པ་རེད།

    《2025ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་ཚུལ་གྱི་བརྟག་དཔྱད་སྤྱི་བསྒྲགས》ལས་མངོན་པར། རང་རྒྱལ་གྱི་ལོ་7དང་དེ་ཡན་གྱི་གྲོང་མི་རྒྱུན་དུ་ལུས་སྦྱོང་ནང་ཞུགས་པའི་མི་གྲངས་ཀྱི་བསྡུར་ཚད་38.52%ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་1.3འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།