རང་རྒྱལ་གྱི་རླུང་གློག་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་6ལྷག་ཙམ་ཟིན་པ།
འགག་གསུམ་ཆུ་ཤུགས་གློག་ཁང་26ལྷག་ཙམ་གྱི་གློག་གཏོང་འཕྲུལ་འཁོར་གྱི་གློག་འདོན་ཚད་དང་མཚུངས་པ།
རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་11པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན། གློག་གཏོང་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་37.9ཟིན་པ་དེ་དུས་མཚུངས་ལས་17.1%འཕར་ཡོད། དེའི་ནང་ཉི་གློག་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་11.6ཟིན་པ་དེ་དུས་མཚུངས་ལས་41.9%འཕར་བ་དང་། རླུང་གློག་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་6ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་22.4%འཕར་ཡོད་པ་རེད།
ཆན་ཝ་དུང་ཕྱུར་6ནི་འགག་གསུམ་ཆུ་ཤུགས་གློག་ཁང་26ལྷག་ཙམ་གྱི་གློག་གཏོང་འཕྲུལ་འཁོར་གྱི་གློག་འདོན་ཚད་དང་མཚུངས་ཤིང་། 2025ལོར་རླུང་གློག་ལས་རིགས་ཀྱིས་ཟིན་ཐོ་མུ་མཐུད་གསར་པ་བཏོད་ནས་གོ་ལ་ཧྲིལ་པོའི་ཀྲའོ་ཝ་26རིམ་པའི་མཚོ་ཐོག་རླུང་གློག་འཕྲུལ་ཙུའུ་ཆེ་ཤོས་དང་། གོ་ལ་ཧྲིལ་པོའི་མཚོ་ཐོག་གི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས། རང་རྒྱལ་གྱི་མཚོ་འགྲམ་དང་བར་ཐག་རིང་ཤོས་ཀྱི་མཚོ་ཐོག་རླུང་གློག་རྣམ་གྲངས་སོགས་གཅིག་རྗེས་གཉིས་མཐུད་ངང་དྲ་སྦྲེལ་བྱས་ཡོད།
ད་ཆ་རང་རྒྱལ་གྱིས་གོ་ལ་ཧྲིལ་པོར་རླུང་གློག་སྒྲིག་ཆས་70%ཙམ་མཁོ་འདོན་བྱས་པ་དང་། ཉེ་བའི་ལོ་བཅུའི་རིང་གོ་ལ་ཧྲིལ་པོའི་རླུང་གློག་མ་གནས་60%ལྷག་ཙམ་ཆག་རྒྱུར་སྐུལ་འདེད་བཏང་ཡོད། རླུང་ནུས་ཐོན་ཁུངས་ཅུང་ལེགས་པའི་ས་ཁུལ་དུ་སྐམ་སའི་རླུང་ཤུགས་ཀྱི་ཆ་སྙོམས་གློག་རིན་སྒོར་0.1ནས་0.15བར་བཅག་པ་དང་། སྐམ་ས་དང་བར་ཐག་ཉེ་བའི་མཚོ་ཐོག་རླུང་གློག་གི་ཆ་སྙོམས་གློག་རིན་སྒོར་0.33ཙམ་བར་བཅག་པས། རླུང་གློག་དེ་ཁྲོམ་རའི་འགྲན་རྩོད་ཆེན་པོ་ལྡན་པའི་གློག་ཁུངས་ཀྱི་རིགས་སུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།