ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་སློབ་གསོ་ཚོགས་ཆུང་གིས།
ཟངས་རི་རྫོང་སློབ་ཆུང་དུ་སློབ་ཁྲིད་བྱེད་སྒོ་སྤེལ་བ།
ཉེ་ཆར། ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་སློབ་གསོ་ཚོགས་ཆུང་གིས་ཟངས་རི་རྫོང་སློབ་ཆུང་དུ་སློབ་ཁྲིད་བྱེད་སྒོ་སྤེལ་ཞིང་། ཕུལ་བྱུང་གི་བོད་སྐྱོར་དགེ་རྒན་7གྱིས་སྤུས་ལེགས་ཀྱི་སློབ་ཚན་ཁྲིད་དེ་སློབ་མ་ཚོས་ཤེས་བྱའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་པ་དང་ཆབས་ཅིག ཧུའུ་ནན་དང་བོད་ཀྱི་སློབ་གྲྭའི་སློབ་གསོ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།
ད་ཐེངས་ཀྱི་བྱེད་སྒོར“ཧུའུ་ནན་དང་བོད་ལྗོངས་ཀྱིས་མཉམ་དུ་སློབ་གསོ་དར་སྤེལ་གཏོང་། སློབ་གྲྭ་གཉིས་དབར་ལག་གདང་སྦྲེལ་ནས་སློབ་མ་སྐྱོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མཚམས་སྦྱོར་བྱེད་པ་དང་། ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་དང་ཟངས་རི་རྫོང་སློབ་གསོ་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཏེ། སློབ་ཁང་དུ་འགྲེམས་སྟོན་ཕུད་ད་དུང་སློབ་དཔྱོད་གཏིང་ཟབ་དང་ཕུགས་ཕན་ཐོན་ཁུངས་མཉམ་སྤྱོད་བྱས་ཤིང་། དེའི་དམིགས་ཡུལ་ནི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཧུའུ་ནན་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྤུས་ལེགས་ཐོན་ཁུངས་དང་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་གངས་ལྗོངས་ས་མཐོར་ཁྱབ་པ་བྱེད་རྒྱུ་དེ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པས་ཟངས་རི་རྫོང་སློབ་ཆུང་ལ་སློབ་སྦྱོང་ཡིག་ཆས་སྤྲད་པ་དང་། ཕྱོགས་གཉིས་པོས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དང་དེ་བཞིན《སློབ་གྲྭའི་དབར་ཆ་སྒྲིག་རོགས་སྐྱོར་གྱི་འདོད་མཐུན་གྲོས་ཡིག》ལ་མིང་རྟགས་བཀོད་པ་མ་ཟད། “དགེ་སློབ་འདུ་འགོད”ཀྱི་ཆ་སྒྲིག་མཛད་སྒོ་གཉེར་ཏེ། ས་གནས་གཉིས་པོའི་སློབ་གསོ་མཉམ་ལས་ལ་སླར་ཡང་འབྲེལ་ཟམ་བཙུགས་པ་རེད།
འབྲེལ་ཡོད་གསར་འགྱུར།