དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་སུའུ་སུའུ་ནན་གྱིས་བོད་རིགས་ཤང་གངས་འཁྱགས་སྤྲོ་སྐྱིད་གླིང་དུ་ལོ་གསར་དགའ་བས་བསུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-31

    འདི་ནི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་མདུང་ནག་བོད་རིགས་ཤང་གི་ཡུལ་མི་ཚོས་ཡུལ་སྐོར་བ་དང་མཉམ་དུ་གདོང་སྣའི་བོད་རིགས་གྲོང་རྡལ་ཆུང་ངུའི་གངས་འཁྱགས་སྤྲོ་སྐྱིད་གླིང་དུ་འཁྱགས་ཐོག་རྐང་འཁོར་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་གདོང་སྣའི་བོད་རིགས་གྲོང་རྡལ་ཆུང་ངུའི་གངས་འཁྱགས་སྤྲོ་སྐྱིད་གླིང་དུ་དཔག་བསམ་སྡོང་པོར་སྐོར་བ་བརྒྱབ་ནས་རྩེད་འཇོར་རོལ་བཞིན་པ།

    འདི་ནི་གདོང་སྣའི་བོད་རིགས་གྲོང་རྡལ་ཆུང་ངུའི་གངས་འཁྱགས་སྤྲོ་སྐྱིད་གླིང་དུ་དགའ་སྤྲོ་འཁོལ་བའི་སྒོར་གཞས་འཁྲབ་སྟོན་བྱས་ནས་འཆར་ལ་ཉེ་བའི་2026ལོའི་ལོ་གསར་བསུ་བཞིན་པ།

    ཟླ་12ཚེས་29ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་2026ལོའི་ཚན་རྩལ་རིག་གནས་འཕྲོད་བསྟེན་གྱི“གཤམ་སྐྱོད་གསུམ”གྱི་འགོ་ཚུགས་མཛད་སྒོ་དང་འཇམ་དབྱངས་རི་བོའི་གངས་འཁྱགས་རིག་གནས་ཡུལ་སྐོར་གྱི་ལོ་གསར་བསུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། ཤིན་ཅང་དང་། ནང་སོག མཚོ་སྔོན། ཀན་སུའུ་ཅིའུ་ཆོན། ཅ་ཡུས་ཀོན་གྲོང་ཁྱེར་སོགས་ནས་ཡོང་བའི་ཡུལ་སྐོར་བ་3000ལྷག་ཙམ་གྱིས་ཡུལ་དེ་གའི་མང་ཚོགས་ཆིག་སྟོང་ལྷག་ཙམ་དང་མཉམ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་ཏེ། གངས་གྲུ་འཐེན་པ་དང་། འཁྱགས་ཐོག་རྐང་འཁོར་གཏོང་བ། གངས་དཀྱིལ་དུ་སྦེ་ག་འགྲན་པ། གངས་དཀྱིལ་དུ་སྦག་སྦག་གཏོང་བ། གངས་དཀྱིལ་དུ་མི་སྟོང་གིས་སྒོར་གཞས་འཁྲབ་པ། མི་རིགས་ཀྱི་གླུ་གར་འཁྲབ་སྟོན། འཕྲུལ་མི་དང་མི་མེད་གནམ་གྲུའི་འགྲེམས་སྟོན། མང་ཚོགས་ལ་དཔྱིད་གསར་གྱི་ཆ་ཡིག་འབྲི་བ་དང་འོས་འགན་སྨན་བཅོས་བྱེད་པ་སོགས་གངས་འཁྱགས་ལུས་རྩལ་དང་རིག་གནས་ཚན་རྩལ་འཕྲོད་བསྟེན་གཤམ་སྐྱོད་ཀྱི་བྱེད་སྒོ་སྤེལ་ནས་འཆར་ལ་ཉེ་བའི་2026ལོའི་ལོ་གསར་དགའ་བས་བསུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།