རྒྱལ་ཡོངས་སུ་སྟོན་འབྲུ་ཉོ་ཚད་ཏུན་དུང་ཕྱུར་གཉིས་ལྷག་ཙམ་ཟིན་པ།
ཉེ་བའི་ལོ་ཤས་རིང་གི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ།
མིག་སྔའི་བར། རྒྱལ་ཡོངས་སུ་འབྲུ་རིགས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་སྟོན་འབྲུ་ཏུན་དུང་ཕྱུར་2ལྷག་ཙམ་ཉོས་པ་དེ་དུས་མཚུངས་ལས་ཏུན་ཁྲི་3200འཕར་ནས། ཉེ་བའི་ལོ་ཤས་རིང་གི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། མིག་སྔའི་བར། རྒྱལ་ཡོངས་སུ་འབྲུ་རིགས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་སྟོན་འབྲུ་ཏུན་དུང་ཕྱུར་2ལྷག་ཙམ་ཉོས་པ་དེ་དུས་མཚུངས་ལས་ཏུན་ཁྲི་3200འཕར་ནས། ཉེ་བའི་ལོ་ཤས་རིང་གི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད།
ད་ལོ་ཁྲོམ་རར་སྟོན་འབྲུ་འདོན་སྔ་བ་མ་ཟད། སྤུས་ཚད་ཀྱང་ཡག་པོ་ཡོད། སྟོན་འབྲུ་ཉོ་མང་བའི་དུས་ཚིགས་ཤར་བ་ནས་བཟུང་། ཞིང་པ་ཚོས་འབྲུ་རིགས་ཧུར་ཐག་བཙོངས་པ་དང་ཁེ་ལས་ཀྱིས་འབྲུ་རིགས་ཧུར་ཐག་བསྡུས་པས། ཉོ་སྒྲུབ་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད་པ་རེད།
ད་ལོའི་སྟོན་འབྲུ་ཉོ་སྒྲུབ་ཐད་མྱུར་ཚད་མགྱོགས་པ་དང་། ཁྲོམ་རར་བྲིན་ཁ་རྒྱུག་པ། རིན་གོང་འཕར་བ་བཅས་ཀྱི་ཁྱད་ཆོས་མངོན་ཡོད། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་ཕན་ཚུན་འགྲན་རྩོད་ཆེན་པོས་ཁྲོམ་རར་ཞུགས་པས། ཉོ་འཚོང་གཉིས་ཀ་ཡག་པོ་བྱུང་ནས་སྟོན་འབྲུའི་སྣ་ཁ་གཙོ་བོ་ཉོ་སྒྲུབ་ཀྱི་རིན་གོང་ཁྱོན་ཡོངས་ནས་བརྟན་འཕར་སླར་གསོ་དང་སྣ་ཁ་ཡག་རིགས་བྲིན་ཁ་རྒྱུག་པོ་བྱུང་བ་མ་ཟད། ཁེ་ལས་ཀྱིས་ཀྱང་ཉོ་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། བྱང་ཤར་ས་ཁུལ་གྱི་ཆུ་འབྲས་དང་། སྲན་ཆེན། མ་རྨོས་ལོ་ཏོག་བཅས་ཀྱི་ཉོ་སྒྲུབ་རིན་གོང་དུས་མཚུངས་ལས་2%དང་། 5% 10%བཅས་ཡས་མས་སོ་སོར་འཕར་བ་དང་། སྤུས་ལེགས་ཆུ་འབྲས་དང་སྤྲི་དཀར་མཐོ་བའི་སྲན་ཆེན་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཅིང་། རྒྱ་མ་རེའི་གོང་ཚད་སྒོར་1.5དང་2.3ཡན་ཟིན་ནས་ཞིང་པའི་འབྲུ་འདེབས་ཀྱི་ཁེ་བཟང་ལོ་གོང་མ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།