དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་ཀྲུང་གོའི་ལུས་རྩལ་པར་འཛམ་གླིང་གི་ཨང་དང་པོ་146ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-31

     ཚེས་29ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རྩལ་འགྲན་ལུས་རྩལ་སིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར་གཞིགས་ན། 2025ལོར་ཀྲུང་གོའི་ལུས་རྩལ་པར་ཁྱོན་ལུས་རྩལ་རྣམ་གྲངས་31གི་ཁྲོད་དུ་འཛམ་གླིང་གི་ཨང་དང་པོ་146ཐོབ་ཡོད་པ་རེད།

    འཛམ་གླིང་གི་ཨང་དང་པོ་146ནི། འཁྱཌ་ཤུད་མྱུར་འགྲན་ཨང་དང་པོ་1དང་། ཚ་ཁ་འགྲན་བསྡུར་གྱི་ཨང་དང་པོ་16 རང་མོས་འཁོར་ཆུང་རྐང་འཁོར་འགྲན་བསྡུར་གྱི་ཨང་དང་པོ་1 གྲུ་ཆུང་འགྲན་བསྡུར་གྱི་ཨང་དང་པོ་2 འཁྱིལ་ཆུའི་ཀོ་གྲུ་འགྲན་བསྡུར་གྱི་ཨང་དང་པོ་1 ལྗིད་འདེགས་འགྲན་བསྡུར་གྱི་ཨང་དང་པོ་3 འབོག་སན་འགྲན་བསྡུར་གྱི་ཨང་དང་པོ་1 ཆུ་རྐྱལ་འགྲན་བསྡུར་གྱི་ཨང་དང་པོ་2 ཆུ་མཆོང་འགྲན་བསྡུར་གྱི་ཨང་དང་པོ་18 གར་སྟབས་རྐྱལ་རྩེད་འགྲན་བསྡུར་གྱི་ཨང་དང་པོ་11 ལུས་རྩེད་འགྲན་བསྡུར་གྱི་ཨང་དང་པོ་3 འཕག་མཆོང་འགྲན་བསྡུར་གྱི་ཨང་དང་པོ་4 སྒྱུ་རྩལ་ལུས་རྩེད་འགྲན་བསྡུར་གྱི་ཨང་དང་པོ་1 ཕིང་ཕང་སྤོ་ལོ་འགྲན་བསྡུར་གྱི་ཨང་དང་པོ་6 བྱ་སྒྲོའི་སྤོ་ལོ་འགྲན་བསྡུར་གྱི་ཨང་དང་པོ་3 བྲག་འཛེག་འགྲན་བསྡུར་གྱི་ཨང་དང་པོ་1པའོ་ལིང་སྤོ་ལོ་འགྲན་བསྡུར་གྱི་ཨང་དང་པོ་1 གདུགས་མཆོང་འགྲན་བསྡུར་གྱི་ཨང་དང་པོ་10 མཚོ་འགྲུལ་དཔེ་དབྱིབས་འགྲན་བསྡུར་གྱི་ཨང་དང་པོ་3 མཁའ་འགྲུལ་དཔེ་དབྱིབས་འགྲན་བསྡུར་གྱི་ཨང་དང་པོ་4 འཕུར་གཡེང་འགྲན་བསྡུར་གྱི་ཨང་དང་པོ་3 ཝེ་ཆི་མིག་མངས་འགྲན་བསྡུར་གྱི་ཨང་དང་པོ་2 ཤང་ཆི་མིག་མངས་འགྲན་བསྡུར་གྱི་ཨང་དང་པོ་3 རྒྱལ་སྤྱིའི་ཤང་ཆི་མིག་མངས་འགྲན་བསྡུར་གྱི་ཨང་དང་པོ་1 རྡེའུ་ལྔའི་མིག་མངས་འགྲན་བསྡུར་གྱི་ཨང་དང་པོ་1 སན་ཏཱ་དྲག་རྩལ་འགྲན་བསྡུར་གྱི་ཨང་དང་པོ་14 དྲག་རྩལ་རྩལ་འགྲོས་འགྲན་བསྡུར་གྱི་ཨང་དང་པོ་8 ཕི་ལི་ཞབས་བྲོ་འགྲན་བསྡུར་གྱི་ཨང་དང་པོ་1 འདྲེད་འཁོར་འགྲན་བསྡུར་གྱི་ཨང་དང་པོ་6 གྲུ་གཟིངས་འབྲུག་གཟུགས་མ་འགྲན་བསྡུར་གྱི་ཨང་དང་པོ་11 ལུས་སྦྱོང་ལུས་རྩལ་འགྲན་བསྡུར་གྱི་ཨང་དང་པོ་4བཅས་ཡིན་པའི་ཁྲོད། ཨོ་རྩལ་འགྲན་ཚོགས་ཀྱི་འཛམ་གླིང་གི་ཨང་དང་པོ་47དང་ཨོ་རྩལ་འགྲན་ཚོགས་མིན་པའི་འཛམ་གླིང་གི་ཨང་དང་པོ་99ཡོད་པ་རེད། ཚ་ཁ་འགྲན་བསྡུར་དང་། ལྗིད་འདེགས་འགྲན་བསྡུར། རྐང་ཆས་ཆུ་རྐྱལ་བཅས་རྣམ་གྲངས་ཀྱི་མི་8དང་རུ་ཁག་9ཡིས་འཛམ་གླིང་གི་ཟིན་ཐོ་17ཐེངས་23བཏོད་པའི་ནང་ཨོ་རྩལ་འགྲན་ཚོགས་རྣམ་གྲངས་ཀྱི་མི་3དང་རུ་ཁག་2ཀྱིས་འཛམ་གླིང་གི་ཟིན་ཐོ་4ཐེངས་6བཏོད་པ་དང་། ཨོ་རྩལ་འགྲན་ཚོགས་མིན་པའི་རྣམ་གྲངས་ཀྱི་མི་5དང་རུ་ཁག་7གྱིས་འཛམ་གླིང་གི་ཟིན་ཐོ་13ཐེངས་17བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།