དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡོད་ཁང་གསར་པར་སྤོས་ནས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་བ།

  • ཡོང་ཁུངས།  མི་དམངས་ཉིིན་རེའི་ཚགས་པར།   |     སྤེལ་དུས།  2025-12-31

    གནམ་ལོ་གསར་ཚེས་འཆར་ཉེར་ཡོད་པ་དང་བསྟུན་ནས། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་གི་ཆུ་ལོག་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་གཅིག་སྡུད་གནས་སྤོའི་བྱེད་སྒོ་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་དུས་གཅིག་ཏུ་སྤེལ་བ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས་ཏེ་འཚོ་བ་གསར་པར་རོལ་འགོ་ཚུགས་ཡོད། 2025ལོའི་ཟླ་8པའི་ཟླ་འགོར་ཡུས་ཀྲུང་རྫོང་ལ་དྲག་ཆར་བསྟུད་མར་བབས་པས་ཆུ་ལོག་གི་གནོད་འཚེ་ཐོན་ཡོད། གནོད་འཚེ་ཐོན་རྗེས། ཀན་སུའུ་ཞིང་ཆེན་གྱིས་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་ཡོད་པ་རེད། འདི་ནི་ཡུས་ཀྲུང་རྫོང་མ་ཕོ་ཤང་མ་ལེན་ཐན་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་གསར་པར་ཡུལ་མིས་ཁང་གསོལ་གཏོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།