《2026ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ཀྱི་ཡན་ལག་ཚོགས་ར་ཁྱབ་བསྒྲགས་བྱས་པ།
ཚེས་28ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས《2026ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ཀྱི་ཡན་ལག་ཚོགས་ར་ཁྱབ་བསྒྲགས་བྱས་ཤིང་། ཧེ་ལུང་ཅང་གི་ཧར་པིན་དང་། ཀྲེ་ཅང་གི་དབྱི་ཝུའུ། ཨན་ཧུའེ་ཡི་ཧོ་ཧྥེ། སི་ཁྲོན་གྱི་དབྱི་པིན་བཅས་སུ་པེ་ཅིང་གི་ཚོགས་ར་གཙོ་བོ་དང་མཉམ་དུ་རིག་གནས་ཀྱི་ནང་དོན་ཟབ་མོ་དང་དམངས་སྲོལ་གྱི་ཉམས་འགྱུར་མངོན་པའི་དཔྱིད་གསར་དུས་ཆེན་གྱི་གར་སྟེགས་ཤིག་གཏོད་རྒྱུ་རེད།
སྤྱི་ཁྱབ་ལས་ཁུངས་ཀྱི་རྟ་ལོའི་དཔྱིད་གསར་མཚན་ཚོགས་ཐོག་མི་དམངས་ལྟེ་བར་འཛིན་པའི་བརྩམས་ཆོས་ཀྱི་སྟོན་ཕྱོགས་དང“སྒོ་དབྱེའི་དཔྱིད་གསར་མཚན་ཚོགས་གཉེར་བའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། དམངས་ཚོགས་ཀྱི་རིག་རྩལ་གསར་པའི་གསར་གཏོད་ཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་རིག་གནས་ཀྱི་ཉམས་འགྱུར་ལྡན་པ་དང་། ཚན་རྩལ་གྱི་རྣམ་པ་མངོན་པ། རྒྱལ་སྤྱིའི་ཁྱད་ཆོས་ལྡན་པ་བཅས་ཀྱི་དཔྱིད་གསར་མཚན་ཚོགས་གཉེར་རྒྱུ་རེད། 2026ལོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དེ་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་གཅིག་ཏུ་བསྡུས་པའི་ལེ་ཚན་ཇུས་འགོད་བྱས་ནས་ས་གནས་ཁག་གི་རིག་གནས་ཀྱི་ཉམས་འགྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་རྣམ་པ་གསར་པ་མངོན་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།