མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་གྱི“ཁ་ལོ་ བའི་ཁྱིམ”863ལ་སྒྱུར་བཀོད་ཟིན་པ།
གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོ་ཚུན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་གྱི“ཁ་ལོ་བའི་ཁྱིམ”ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ལེགས་བཅོས་བྱ་སྤྱོད་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཤིང་། མིག་སྔའི་བར་ཁ་ལོ་བའི་ཁྱིམ་863ལ་སྒྱུར་བཀོད་ཟིན་ནས་ཟོག་འཁོར་ཁ་ལོ་བར་རླངས་འཁོར་ཁ་བཀག་ནས་ངལ་གསོ་རྒྱག་པ་དང་། ཆུ་ཚ་པོ་མཁོ་འདོན། ཁ་ལག་ཚ་པོ་བཟོ་བ། གཟུགས་པོ་འཁྲུ་བ། གོས་འཁྲུ་བ་སོགས་ཀྱི་རིན་མེད་ཞབས་འདེགས་ཞུས་ཡོད་པ་རེད།
རང་རྒྱལ་ལ་ཟོག་འཁོར་ཁ་ལོ་བ་ཁྲི་3800ཙམ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཟོག་འཁོར་ཁ་ལོ་བའི་ཁེ་དབང་འགན་སྲུང་ལས་དོན་རྒྱུན་མཐུད་སྤེལ་ནས། ཁ་ལོ་བའི་ལས་ཞུགས་ཁོར་ཡུག་ལེགས་སུ་བཏང་ཡོད། ཟོག་འཁོར་ཁ་ལོ་བའི་རེ་ཞུར་དམིགས་ནས་12328ཐད་སྦྲེལ་ཁ་པར་གྱི་རེ་ཞུ་དང་ལེན་འཕྲལ་སྒྲུབ་བྱ་ཐབས་ལག་ལེན་བསྟར་ཏེ། ཟོག་འཁོར་ཁ་ལོ་བའི་ཆེད་གཏོགས་འབྲེལ་གཏུག་བྱེད་ས་དང་སྐད་འཕྲིན་བྱ་རིམ་ཆུང་གྲས་ཀྱི་ཆེད་གཏོགས་ཞབས་ཞུའི་སྐར་ཁུང་ཤར་གཏོང་བྱས་ནས། ཟོག་འཁོར་ཁ་ལོ་བའི་རེ་ཞུར་དོ་དམ་བྱེད་མཁན་དང་སྒྲུབ་མཁན་ཡོད་པ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།