བཟའ་བཅའི་སྦྱོར་རྟ་ཐོན་སྐྱེད་ལྟ་འདོམས་ཀྱི་སྒྲིག་སྲོལ་གསར་པ་བཏོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《བཟའ་བཅའི་སྦྱོར་རྟ་ཐོན་སྐྱེད་ཆོག་འཐུས་ཞིབ་བཤེར་གྱི་ཞིབ་སྲོལ(2025ལོའི་པར་གཞི)》ཡོངས་བསྒྲགས་བྱས་ཏེ། བཟའ་བཅའི་སྦྱོར་རྟའི་ཐོན་སྐྱེད་སྔར་བས་ཚད་ལྡན་དུ་བཏང་ནས་བཟའ་བཅའི་སྦྱོར་རྟའི་སྤུས་ཚད་དང་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ཡོད།
བསྐྱར་སྦྱོར་བཟའ་བཅའི་སྦྱོར་རྟ་དང་བཟའ་བཅར་དྲི་ཞིམ་རྫས་བཅུད་སྤྱོད་པའི་ཉེན་ཁ་ཅུང་མངོན་གསལ་དོད་པའི་ཐོན་རྫས་རིགས་གཉིས་ལ་དམིགས་ཏེ། ཞིབ་སྲོལ་ནང་བཟའ་བཅའི་སྦྱོར་རྟ་རྒྱུན་སྤྱོད་ཞིབ་བཤེར་གྱི་ཚད་གཞི་དང་མཐུན་པའི་རྨང་གཞིའི་ཐོག་སྦྱོར་སྡེབ་ཞིབ་སྤེལ་དོ་དམ་དང་། སྤུས་ཚད་བདེ་འཇགས་ཚོད་འཛིན། དེ་མཚུངས་ཀྱི་བསྐྱར་སྦྱོར་རྩ་དོན། ཤོག་བྱང་དང་གསལ་བཤད་ཡི་གེའི་དོ་དམ་སོགས་ཟུར་སྣོན་ཞིབ་བཤེར་བླང་བྱ་དང་མཐུན་པར་བྱས་ཏེ། ཐོན་སྐྱེད་ཆོག་འཐུས་ཀྱི་བླང་བྱ་སྔར་བས་ནན་ཏུ་བཏང་ནས་ཞུགས་འཐུས་ཀྱི་ཚད་གཞི་མཐོ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།