དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་པ་པ་ཏོ་སིར་སྨན་བཅོས་ཞབས་འདེགས་ཞུ་མཇུག་འགྲིལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-31

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུའི་ཀྲི་ཐོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་མཚོ་དམག“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་པ་པ་ཏོ་སིར་དུས་ཡུན་ཉིན་བདུན་གྱི་མཛའ་གྲོགས་འཚམས་འདྲི་དང་སྨན་བཅོས་ཞབས་འདེགས་ལེགས་འགྲུབ་བྱུང་ནས་མེ་གླིང་ལྷོ་མར་བསྐྱོད་དེ། “ཞི་མཐུན་གྱི་འགན་འཁྲི-2025ལོའི”ལས་འགན་མུ་མཐུད་ལག་ལེན་བསྟར་བ་རེད། པ་པ་ཏོ་སིའི་ཙུང་ཐུང་པོ་སི་ཏི་ཁེ་གྲུ་གཟིངས་ཐོག་ཏུ་ཕེབས་ནས་གཟིགས་སྐོར་དང་སྨན་བཅོས་ཞབས་ཞུའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། སྨན་པ་བསྟེན་མཁན་མང་ཚོགས་ལ་གཟིགས་པ་དང་འབྲེལ“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་མཁོ་འདོན་བྱས་པའི་ཆེད་ལས་དང་ནུས་ཆེའི་སྨན་བཅོས་ཞབས་ཞུར་ཚད་མཐོའི་གདེང་འཇོག་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།