སུའེ་ཧྥུན་གཙང་པོའི་ལྕགས་ལམ་འགག་སྒོར་རིམ་རྩིས་བརྒྱབ་ན་ཀྲུང་ཡོའི་དུས་གཏན་མེ་འཁོར་འགྲུལ་བཞུད་ཐེངས་4000ལས་བརྒལ་བ།

ཟླ་12ཚེས་26ཉིན། ཀྲུང་གོ་ལྕགས་ལམ་ཧར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“ཤར་ཕྱོགས་བགྲོད་ལམ”གྱི་གྲུབ་ཆ་གལ་ཆེན་ཡིན་པའི་སུའེ་ཧྥུན་གཙང་པོའི་ལྕགས་ལམ་འགག་སྒོར་2018ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་ཤར་གཏོང་ཐུབ་པ་ནས་བཟུང་། རིམ་རྩིས་བརྒྱབ་ན་ཤར་སྐྱོད་ཐུབ་ཚད་མེ་འཁོར་4000ལས་བརྒལ་ཏེ་མེ་འཁོར་4092ཟིན་པ་དང་། རིམ་རྩིས་བརྒྱབ་ན་དངོས་ཟོག་ཚད་ལྡན་སྒམ་ཁྲི་39ལྷག་ཙམ་དབོར་ནས་འགག་སྒོའི་སྒྲོལ་ནུས་དང་ཁྱབ་འགྱེད་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། འདི་ནི་2025ལོའི་ཟླ་12ཚེས་26ཉིན་ཕྱིར་ལོག་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་སུའེ་ཧྥུན་གཙང་པོའི་འབབ་ཚུགས་ལྷོ་མར་ཁ་བཀག་ཡོད་པ། (ཟླ་12ཚེས་26ཉིན་མི་མེད་གནམ་གྲུས་པར་བླངས)
འབྲེལ་ཡོད་གསར་འགྱུར།