དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་ཆེན་གནའ་ཤུལ་ལས་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་བསྐལ་བ་ཡ་ཐོག་གི་མིའི་རིགས་ཀྱི་གནས་སྤོས་ཟིན་ཐོ་གསར་པ་རྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-31

    སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། གནའ་རྫས་རྟོག་ཞིབ་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འདབ་པ་རྫོང་དུ་ཡོད་པའི་ས་མཐོའི་མཚོ་མོ་སྟེ་མཚོ་ཆེན་ཉེ་འགྲམ་ནས་དོན་སྙིང་གལ་ཆེན་ལྡན་པའི་རྡོ་ཆས་རྙིང་མའི་དུས་ཀྱི་གནའ་ཤུལ་ཞིག་གསར་དུ་རྙེད་པ་རེད། འདབ་པ་ཕན་རོགས་གནའ་བོའི་ཤུལ་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་ཆེན་གནའ་ཤུལ་གྱིས་བསྐལ་བ་ཡ་ཐོག་གི་མིའི་རིགས་མཚོ་བོད་ས་མཐོའི་ཤར་རྒྱུད་ནས་གནས་སྤོས་ཁྱབ་འགྱེད་བྱས་པའི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    མཚོ་ཆེན་ཉེ་འཁོར་དུ་ཡོད་པའི་མཚོ་ཆེན་གནའ་ཤུལ་ནི་ད་ཆའི་བར་མང་ཤོས་ལོ་ཁྲི་1.2ཙམ་ཕྱིན་པའི་གནའ་ཤུལ་ཞིག་ཡིན་ལ། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་སྐབས་རྙེད་པའི་ཕན་རོགས་གནའ་བའི་ཤུལ་ཚོགས་ཁྲོད་ཀྱི་ས་བབ་མཐོ་ཤོས་ཀྱི་གནའ་ཤུལ་ཞིག་ཀྱང་ཡིན། 2024ལོའི་ཟླ་བདུན་པར། ཕན་རོགས་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་མཚོ་ཆེན་གནའ་ཤུལ་དུ་བརྟག་དཔྱད་བྱེད་སྐབས་རྡོ་ཆས་190ལྷག་ཙམ་རྙེད་པ་དེ་དག་གིས་ལོ་ངོ་ཆིག་ཁྲིའི་གོང་དུ་གནའ་བོའི་མིའི་རིགས་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་རྒྱུན་མཐུད་འཚོ་སྡོད་བྱས་པར་དཔང་རྟགས་གལ་ཆེན་བཏོན་ཡོད། མཚོ་ཆེན་གནའ་ཤུལ་གསར་དུ་རྙེད་པ་ལས་ཕན་རོགས་གནའ་བོའི་ཤུལ་ཚོགས་ཀྱི་གནའ་བོའི་མིའི་རིགས་འཚོ་སྡོད་བྱེད་སའི་ས་བབ་སྨི་4300ལྷག་ཙམ་བར་མཐོ་རུ་ཕྱིན་ཡོད། ད་ཐེངས་ཀྱི་ཤེས་རྟོགས་བྱུང་བ་འདི་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཀྱི་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་ཞིག་ཡིན་པས། ས་བབ་མཐོ་ཁུལ་གྱི་མིའི་རིགས་ཀྱི་བྱ་སྤྱོད་ལ་རྒྱུས་ལོན་ཐུབ་ཚད་ཧ་ཅང་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།