དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-31

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར། ད་ཕན་ལོ་ཤས་རིང་། བོད་ཀྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན་གསར་བརྗེའི་རིག་དངོས་ཡོངས་བཤེར་དང་། གཏན་འཁེལ། སྲུང་སྐྱོང་བཅས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཅིང་། མིག་སྔའི་བར། བོད་ལྗོངས་ཀྱིས་སྤོ་མི་རུང་བའི་གསར་བརྗེའི་རིག་དངོས་གནས་ཡུལ་155ཞིབ་བཤེར་དང་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ་སྒོ་བྱང་བཀལ་བ་དང་རྡོ་རིང་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་བར་དུ་བོད་ལྗོངས་སུ་གསར་བརྗེའི་རིག་དངོས་ཡོངས་བཤེར་རེས་སྐོར་གཉིས་པ་ལེགས་གྲུབ་བྱུང་བ་དང་། རྫོང་དང་ཆུས་14རྒྱལ་ཁབ་ཀྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཡུག་ཁུལ་དུ་ཁྱབ་བསྒྲགས་བྱས་ཏེ། སྤོ་རུང་བའི་གསར་བརྗེའི་རིག་དངོས་ཆ་ཚང་1592ཐོ་བཀོད་ནས་ཡིག་ཚགས་བཟོས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་9དང་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་11བསྐྲུན་པ་དང་། ལོ་རྒྱུས་གལ་ཆེན་དང་གསར་བརྗེའི་རིག་དངོས་གནས་ཡུལ་46ལ་སྲུང་སྐྱོང་དཔེ་སྟོན་འདུ་འགོད་ལག་བསྟར་བྱས་པར་བརྟེན་གསར་བརྗེའི་རིག་དངོས་སྲུང་སྐྱོང་གི་རྣམ་པ་ཆེས་ཆེར་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།