ས་ཆ་འདི་དག་ལ་གནམ་གཤིས་གྲང་དུ་འགྲོ་བ་མ་ཟད་གངས་འབབ་རྒྱུ་རེད་འདུག
ཟླ་12ཚེས་28ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་བཅུའི(2025ལོའི་ཟླ་12ཚེས་28ཉིན་ནས་2026ལོའི་ཟླ་1ཚེས་6ཉིན་བར)རིང་རང་ལྗོངས་ཀྱི་ཤར་རྒྱུད་དང་། ལྷོ་ནུབ་རྒྱུད། ལྷོ་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་ཆར་ཆུ་འབབ་རྒྱུ་ཡིན་པ་དང་། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་པ་རེད། ཟླ་12ཚེས་31ཉིན་དང་2026ལོའི་ཟླ་1ཚེས་3དང་4ཉིན་བར་དྲོད་ཚད་ཆག་རྒྱུ་དང་། ཟླ་1ཚེས་2ཉིན་ནས་ལྷགས་པ་ཆེ་རུ་འགྲོ་རྒྱུ། ཚེས་2ནས་6ཉིན་བར་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ། ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་ཐོལ་རླུང་རིམ་པ་9ནས་10བར་རྒྱག་རྒྱུ་ཡིན་པ་རེད།
གནམ་གཤིས་སྟོན་ཚུལ་གཙོ་བོ།
2025ལོའི་ཟླ་12ཚེས་28ཉིན། ཉིང་ཁྲི་དང་། ཆབ་མདོ། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།
2025ལོའི་ཟླ་12ཚེས་29དང་30ཉིན། ཉིང་ཁྲིར་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ལྷོ་ཁའི་ཤར་རྒྱུད་དང་ལྷོ་རྒྱུད་དང་ཆབ་མདོར་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
2025ལོའི་ཟླ་12ཚེས་31ནས་2026ལོའི་ཟླ་1ཚེས་1ཉིན་བར། མངའ་རིས་དང་། གཞིས་རྩེའི་ལྷོ་རྒྱུད། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ཚེས་31ཉིན་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་ཧྲེ་ཧྲི་ཏུའུ་8ཡན་ཆག་རྒྱུ་རེད་འདུག
2026ལོའི་ཟླ་1ཚེས་2ནས་4ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད་དང་། ནག་ཆུའི་ཤར་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། རང་ལྗོངས་ཀྱི་ནུབ་རྒྱུད་ནས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།
2026ལོའི་ཟླ་1ཚེས་5དང་6ཉིན། ཉིང་ཁྲི་དང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
2025ལོའི་ཟླ་12ཚེས་28ནས་2026ལོའི་ཟླ་1ཚེས་1ཉིན་བར། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་6ནས་7བར་རྒྱག་རྒྱུ་དང་། 2026ལོའི་ཟླ་1ཚེས་2ནས་6ཉིན་བར་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་། ལྷོ་ཁའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་9ནས་10བར་རྒྱག་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དང་ཆབ་མདོར་ཐོལ་རླུང་རིམ་པ་4ཡས་མས་རྒྱག་རྒྱུ་དང་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་6ནས་7བར་རྒྱག་རྒྱུ།
འབྲེལ་ཡོད་གསར་འགྱུར།