དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས།

    རིག་གནས་ཀྱི་རྒྱུན་བསྐྱངས་ནས་བློ་སྦྱོང་དང་དུས་རབས་ཀྱི་སྲོལ་གསར་ལ་བརྟེན་ནས་སེམས་ཀྱི་ཞིང་ས་བརླན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-30

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “‘ལོ་ལྔ་ཚན་བཅུ་བཞི་པའི’ འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་ཆེད་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ཞིང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། “རིག་གནས་ལྔ”སྐྱེད་སྲིང་དང་དར་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་འཆར་གཞི་དང་ལག་ལེན་གྱི་ཐབས་ལམ་ཁ་གསལ་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བར་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད་ད་དུང་རིག་གནས་ཀྱི་རྨང་གཞི་ཡང་བརྟན་པོ་བཏིང་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མཚོ་སྔོན་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བས། “ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་གི་བདུད་རྩིས་སེམས་ཀྱི་ཞིང་ས་བརླན་པར་བྱེད”ཅེས་པའི་ཁྱད་ལྡན་མཉམ་འདྲེས་སྨྱན་སྦྱོར་གྱི་ཆེད་བསྒྲིགས་ལེ་ཚན་གྱི་ཉིན་རེའི་ཆ་སྙོམས་ཀློག་ཚད་མི་ཐེངས་ཁྲི་1.2ལྷག་ཟིན་པ་དང་། ཁྱད་ལྡན་ཞིབ་འཇུག་ལས་སྟེགས་ཁག་19དང་མཚོ་སྔོན་གྱི“རྒྱལ་མཚོན་མིང་ཅན”གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཚོད་ལྟ་ཁང་ཐོག་མ་དེ་བཙུགས་པ། “1+8+N” དང“སྲོལ་བཟང་སྤྱོད་གཙང”གི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སྤུས་རྟགས་བཏོད་པ། བརྗོད་དོན་གཙོ་བོའི་ཆེད་བསྒྲིགས་གལ་ཆེན《གཙང་གསུམ་ཆུ་འགོའི་འགྲམ་ནས་ལྟ་བ》ཞེས་པ་དྲ་ཐོག་ནས་བསྟན་ཚད་ཐེངས་ཁྲི་4000ལྷག་བཅས་ཟིན་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྔར་བས་གོམས་འདྲིས་དང་། སྔར་བས་ཉེ་བ། སྔར་བས་ཤེས་ཚོར་བཅས་ཐུབ་ཡོད་པ་རེད།

    གཙོ་རྒྱུན་གླེང་ཕྱོགས་རྒྱུན་མཐུད་སྟོབས་ཆེར་བཏང་བ་དང་། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བཅར་འདྲིའི་བྱེད་སྒོ་ཁག་210ལྷག་དང་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་372འཚོགས་པ། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་ཀྲོའུ་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་8དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་38ཞིང་ཆེན་ཡོངས་སུ་ཁྱབ་སྟེ། ཀུན་འདུས་སྨྱན་སྦྱོར་གྱི་མ་ལག་མགྱོགས་མྱུར་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།