བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གུང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མ་ལེ་ཞི་ཡ་དང་སི་རི་ལན་ཁར་འཚམས་འདྲི་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་21ཉིན་ནས་25ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གུང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མ་ལེ་ཞི་ཡ་དང་སི་རི་ལན་ཁར་འཚམས་འདྲི་གནང་སྟེ། སི་རི་ལན་ཁའི་ཙུང་ཐུང་ཏི་ས་ནཱ་ཡ་ཁེ་དང་། མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཀྲ་ཤིས་ཏེ། རྒྱལ་ཚོགས་གྲོས་ཁང་འོག་མའི་དབྱི་ཀྲང་ཙོ་ཧ་ལི། སི་རི་ལན་ཁའི་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིར་ཝ་སོགས་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ཁག་སོ་སོར་མཇལ་འཛོམས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་ལ་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་དང་འོས་སྦྱོར་གནང་སྟེ། ཀྲུང་གོ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་བོད་དང་མ་ལེ་ཞི་ཡ་དང་སི་རི་ལན་ཁ་རྒྱལ་ཁབ་གཉིས་དབར་གྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཕྱི་རྒྱལ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཏེ། འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་། སྲིད་ཏང་དབར་སྤེལ་རེས་དང་ས་གནས་དང་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེན་པོ་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།