དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་གྱི་བྱ་སྤྱོད་ཐེངས་160པ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-30

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་ཆུ་ཐོག་སྐོར་གཡེང་སྤྱི་ཁྱབ་རུ་ཁག་གིས་ཟླ་12ཚེས་27ཉིན་གནས་ཚུལ་ཁྱབ་བསྒྲགས་བྱས་པར། ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གོ་ཕྱོགས་ཀྱི་སྐོར་གཡེང་གྲུ་གཟིངས་ཨང་རྟགས་53107དང་། སྐོར་གཡེང་གྲུ་གཟིངས་ཨང་རྟགས་53108 སྐོར་གཡེང་གྲུ་གཟིངས་ཨང་རྟགས་53109བཅས་དང་། ལོ་སི་ཕྱོགས་ཀྱི་སྐོར་གཡེང་གྲུ་གཟིངས་ཨང་རྟགས་003དང་ཨང་རྟགས་004 འབར་མ་ཕྱོགས་ཀྱི་སྐོར་གཡེང་གྲུ་གཟིངས་ཨང་རྟགས་161བཅས་ལས་གྲུབ་པའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་རུ་ཁག་གིས་ཀྲུང་གོའི་ཀོན་ལེ་གྲུ་ཁར་རྡོག་ཐོན་གྱི་དུང་བརྡ་བཏང་སྟེ། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་གྱི་བྱ་སྤྱོད་ཐེངས་160པ་དངོས་སུ་སྤེལ་འགོ་ཚུཌ་པ་རེད། མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་རུ་ཁག་གིས་རྫ་ཆུ་ནས་མེ་ཀུང་གཙང་པོའི་བར་གྱི་གྲུ་ལམ་དུ་སྐོར་གཡེང་བྱས་ཏེ་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་གྱི་བྱ་སྤྱོད་སྤེལ་བ་རེད།

    ཉིན་ཤས་གོང་། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱེད་མཁན་རྒྱལ་ཁབ་བཞིའི་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཚན་གྱིས་ཀྲུང་གོའི་ཅིང་ཧཱ་ཆུ་ཁོངས་སུ“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་བདེ་འཇགས་ཆུ་ལམ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིས་ཆུ་ཐོག་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་མཉམ་འབྲེལ་ནང་སྦྱོང་བདེ་བླག་གཉེར་ཅིང་། ནང་སྦྱོང་རིང་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞི་ཡི་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཚན་གྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་འབབ་རྒྱུད་ཀྱི་ཚོང་དོན་གྲུ་གཟིངས་དང་མི་དམངས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་ཁྲོད་ཀྱི་བྱ་སྤྱོད་སྤེལ་མགྱོགས་པ་དང་། འཕྲལ་སྡོམ་ཐག་གཅོད། མཐུན་སྦྱོར་བཀོད་འདོམས་བཅས་ཀྱི་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།