དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅི་ལིན་གྱིས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབང་ཀྲི་ཆིའུ། ཀྲེང་ཀྲི་ཝུན། མོན་ཅེ་ཝུའེ།   |     སྤེལ་དུས།  2025-12-30

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་དངོས་ཀྱིས་བདེན་པ་ར་སྤྲོད་དང་། ལོ་རྒྱུས་ཀྱིས་བདེན་པ་ར་སྤྲོད། རིག་གནས་ཀྱིས་བདེན་པ་ར་སྤྲོད་བཅས་བྱེད་དུ་འཇུག་དགོས། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་དང་ལོ་རྒྱུས་ཞིབ་འཇུག་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཅི་ལིན་ཞིང་ཆེན་གྱིས་ལོ་རྒྱུས་དང་རིག་གནས་ཀྱི་རྩ་བར་གཞི་བཙུགས་ནས། སྲུང་སྐྱོང་ཨང་དང་པོ་དང་། དོ་དམ་ལ་ཤུགས་སྣོན། རིན་ཐང་སྔོག་འདོན། བེད་སྤྱོད་ལེགས་པོ། རིག་དངོས་ཀྱི་ནུས་པ་འདོན་པ་བཅས་མཐའ་འཁྱོངས་བྱས་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་དང་ཞིབ་འཇུག་རྒྱུན་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། རིག་གནས་ཀྱི་རྨང་གཞི་ཟབ་མོའི་ཁྲོད་ནས་དར་རྒྱས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་བཞིན་ཡོད་པ་རེད།

    རིག་དངོས་ཀྱིས་བདེན་པ་ར་སྤྲོད་བྱེད་དུ་བཅུག་ནས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ།

    2024ལོ་ནས་བཟུང་། ཅི་ལིན་གྲོང་ཁྱེར་གྱིས་དུས་རབས་19པའི་དུས་མཇུག་ཏུ་བསྐྲུན་པའི་ཅི་ལིན་འཕྲུལ་ཆས་བཟོ་སྐྲུན་ཅུས་ལ་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་ཏེ། “ཐོ་ཐོ་ཆེན་པོ་མ་གཏོང་བའི”རྩ་དོན་གཞིར་བཟུང་སྐྲུན་དངོས་ཨ་མར་ཉམས་གསོ་བྱེད་པ་དང་ཡུན་རིང་བསྡམས་པའི་སྒོ་མོ་ཕྱེ་ནས་རིག་གནས་བྱེད་སྒོ་སྤེལ་བ་རེད།

    “སྲུང་སྐྱོང་དང་། རྒྱུན་འཛིན། གོ་ཆོད་པ”བཅས་ཕྱོགས་ཡོངས་ཀྱི་ལས་ཀའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཅི་ལིན་ཞིང་ཆེན་གྱིས་ད་ཡོད་ཀྱི་སྤོ་མ་རུང་བའི་རིག་དངོས་ཁག་9204དང་སྤོ་རུང་བའི་རིག་དངོས་ཁྲི་71(ཆ་ཚང)གང་འགབ་ཅི་སྤྱོད་བྱས་པ་རེད། ཅི་ལིན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་སུན་ཀོང་ཀྲི་ཡིས“རིག་དངོས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག ང་ཚོས་རིག་དངོས་ཀྱི་ལོ་རྒྱུས་སློབ་གསོའི་ནུས་པ་འདོན་པར་སྐུལ་འདེད་བཏང་ནས། རིག་དངོས་དེ་བས་མང་བས་བདེན་པ་ར་སྤྲོད་བྱེད་དུ་འཇུག་དགོས”ཞེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཅི་ལིན་ཞིང་ཆེན་གྱིས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཅི་ལིན་ཞིང་ཆེན་གྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་མ་ལག་གི་འཆར་འགོད་སོགས་བཟོས་པ་དང་ལོ་རྒྱུས་དང་རིག་གནས་ཤུལ་བཞག་གི་རིན་ཐང་མང་པོ་སྔོག་འདོན་བྱས་ཡོད་པ་རེད།

    ལོ་རྒྱུས་ཀྱིས་བདེན་པ་ར་སྤྲོད་བྱེད་དུ་བཅུག་ནས་ཞིབ་འཇུག་དང་རྒྱུན་འཛིན་ལ་མཐོང་ཆེན་བྱེད་པ།

    ད་ལོའི་ཟླ་8པར་འགོ་བཙུགས་པའི་ཅི་ལིན་ཞིང་ཆེན་གྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་འགྲེམས་སྟོན་དུ་འགྲེམས་རྫས་1000ལྷག་ཙམ་བཤམས་ཏེ། ཅི་ལིན་ས་ཁུལ་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཕྱོགས་ཡོངས་ནས་མཚོན་པར་བྱས་པར་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

    གནའ་རྫས་རྟོག་ཞིབ་ཀྱི་དོན་དངོས་ར་སྤྲོད་ཁྲོད་ནས་རིག་གནས་ཀྱི་རྩ་རྒྱུན་གསེད་བཀྲོལ་བྱས་ཤིང་། 《ཅི་ལིན་ཞིང་ཆེན་གྱི་གཞི་རྩའི་འཛུགས་སྐྲུན་ས་ཆའི་གནའ་རྫས་རྟོག་ཞིབ་སྔོན་སྒྲུབ་ཀྱི་དོ་དམ་གཏན་འབེབས》བཟོས་ཏེ“སྔོན་ལ་གནའ་རྫས་རྟོག་ཞིབ་དང་རྗེས་སུ་བརྒྱུད་བཤུག་གཏོང་བའི”ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ཡོད། “ཅི་ལིན་ཤར་རྒྱུད་ཀྱི་ཁྲང་པའེ་ཧྲན་ས་ཁུལ་གྱི་གནའ་མིའི་རྗེས་ཤུལ་རྟོག་ཞིབ་དང་ཞིབ་འཇུག”སོགས“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”ཞེས་པའི་རྣམ་གྲངས་གལ་ཆེན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་སྲུང་སྐྱོང་སྡེ་ཚན་གྱི་རིག་དངོས་སྲུང་སྐྱོང་འགྲེམས་སྟོན་བེད་སྤྱོད་ལས་གྲྭའི་རྣམ་གྲངས་43གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་རེད།

    སྣ་མང་རྒྱུན་འཛིན་ཁྲོད་དུ་ངེས་ཤེས་ཟབ་ཏུ་བཏང་ཞིང་། ཅི་ལིན་ཞིང་ཆེན་གྱིས“རིག་དངོས་རྟེན་རྫས་ཀྱི་འོད་མདངས་འཕྲོ་བའི”འཆར་གཞིར་སྐུལ་འདེད་བཏང་ནས། རྟེན་མཛོད་ཁང་འབྲིང་ཆུང་ཁག་28གྲངས་འཛིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱས་པ་དང་། ལྟེ་བའི་གྲོང་ཁྱེར་ནས་རྫོང་ཁོངས་བར་ཅི་ལིན་གྱི་རི་འགོག་དམག་འཁྲུག་ལོ་བཅུ་བཞིའི་ཡིག་ཚགས་འགྲེམས་སྟོན་དང་ཅི་ལིན་ཞིང་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་རྒྱབ་རོགས་ས་ཆའི་འགྲེམས་སྟོན་སོགས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནས་ལོ་རྒྱུས་ཟབ་མོ་མངོན་ཡོད། “ང་ཚོས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་གཙོ་གནད་ཁྱབ་ཁོངས་ཚད་བརྒལ་དུ་བྱས་ནས་ཅི་ལིན་གྱི་ལོ་རྒྱུས་དང་རིག་གནས་ཀྱི་རྩ་རྒྱུན་ལ་ཞིབ་འཇུག་ཡག་པོ་བྱེད་དགོས་པ་དང་། ཅི་ལིན་གྱི་ལོ་རྒྱུས་དང་རིག་གནས་དྲིལ་བསྒྲགས་དང་དེར་འགྲེལ་བཤད་དེ་བས་ཡག་པོ་རྒྱག་དགོས”ཞེས་ཅི་ལིན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚའོ་ལུའུ་པའོ་ཡིས་བཤད།

    རིག་གནས་ཀྱིས་བདེན་པར་ར་སྤྲོད་བྱེད་དུ་བཅུག་ནས་གསར་གཏོད་འཕེལ་རྒྱས་འཚོལ་ཞིབ་བྱེད་པ།

    སྒྲ་གདངས་དམའ་བའི་མགྲིན་སྒྲ་དང་། འགྱུར་ཁུག་སྙན་པའི་རོལ་ཆ། སྤྲོ་སྣང་དོད་པའི་མཉམ་གཞས་བཅས་དང་སྦྲགས་ནས་སོག་རིགས་ཀྱི་གྱོན་ཆས་གྱོན་པའི་འཁྲབ་སྟོན་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁྲ་ཀན་མཚེའུ་ཡི་དགུན་ཉ་འཛིན་པའི་གོམས་སྲོལ་འཁྲབ་བཞིན་ཡོད།

    ལོ་རྒྱུས་ཡུན་རིང་ལྡན་པའི་ཁྲ་ཀན་མཚེའུ་ཡི་དགུན་ཉ་འཛིན་པའི་གོམས་སྲོལ་དེར་ད་ཆ་གསོན་ཤུགས་ཆེན་པོ་རྒྱས་ཡོད། ཁྲ་ཀན་མཚེའུ་མཛེས་ལྗོངས་ཁུལ་གྱིས་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་400ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། དགུན་ཉ་འཛིན་པ་དེ་བརྗོད་དོན་གཙོ་བོར་བྱས་ནས་ཉ་པགས་རི་མོ་སོགས་རིག་གནས་བསམ་བཀོད་ཐོན་རྫས་རིགས་50ལྷག་ཙམ་གསར་སྤེལ་བྱས་ཡོད།

    རིག་གནས་ཀྱི་ཞིང་ས་གཤིན་པོར་བརྟེན་ནས་ཅི་ལིན་ཞིང་ཆེན་གྱིས་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་རིག་གནས་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་རེར་ཐབས་ཇུས་རེ་དང་རིགས་དབྱེ་མཛུབ་ཁྲིད་བྱས་པ་རེད། སློབ་གྲྭར་ལོ་རྒྱུས་དང་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱུན་མཐུད་སྤེལ་བར་ཆ་སྙོམས་བྱེད་སྒོ་རེར་མི་སྟོང་ཙམ་ཞུགས་པ་དང་། “མངོན་མིན་རིག་གནས་ཤུལ་བཞག་ཚོང་འདུས”སོགས་སྤུས་རྟགས་བཏོད་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་ཁྲང་ཁྲུན་ཧྥང་དུ་རྣམ་གྲངས་100ལྷག་ཙམ་བསྡུས་ཏེ་ཅི་ལིན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་དང་། འགྲེམས་སྟོན། ཕྱིར་འཚོང་། གཞན་འགྱུར་བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལས་སྟེགས་ཤིག་སྐྲུན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།