དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-30

    རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་2026ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་27ཉིན་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་དང་ཏིང་ཀྲུང་ལི་ཚོགས་འདུར་ཞུགས་པ་རེད།

    ཝང་ཏུང་མིང་གིས་གསུངས་དོན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྒྲིག་སྲོལ་བཟོ་བ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་རེད། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཡོངས་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ཁོང་དུ་འཕྱུགས་མེད་ཆུད་པར་བྱེད་པ། ཏང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་བཀོད་ཇུས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་ཡོང་བ་ཧུར་ཐག་བྱེད་དགོས། བཅའ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོ་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། བཅའ་ཁྲིམས་ཀྱི་ལེ་ལག་ཚང་བའི་སྦྲེལ་མཐུད་ཡག་པོ་བྱེད་པ། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།