དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་འཕྲུལ་ཚན་རྐྱང་པའི་གློག་གཏོང་ཤུགས་ཆེ་ཤོས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་གི་འཕྲུལ་ཚན་ཐོག་མ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-30

    འདི་ནི་ཐེན་ཐའེ་ཆུ་འཐེན་ནུས་གསོག་གློག་ཁང་གི་ཆུ་མཛོད་གོང་མ་དང་འོག་མ་ཡིན་པ།

    ཟླ་12ཚེས་25ཉིན། ཀྲེ་ཅང་ཐེན་ཐའེ་ཆུ་འཐེན་ནུས་གསོག་གློག་ཁང་གི་འཕྲུལ་ཚན་ཐོག་མ་དངོས་སུ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཤིང་། འཕྲུལ་ཚན་དེའི་འཕྲུལ་ཚན་རྐྱང་པ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་42.5ཟིན་པ་དེ་མིག་སྔར་རྒྱལ་ནང་དུ་གློག་གཏོང་ཤུགས་ཆེ་ཤོས་ཀྱི་འཕྲུལ་ཚན་རྐྱང་པའི་ཆུ་འཐེན་ནུས་གསོག་གི་འཕྲུལ་ཚན་ཞིག་ཡིན་པ་རེད། ཐེན་ཐའེ་ཆུ་འཐེན་ནུས་གསོག་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་170ཟིན་པ་དང་། གློག་ཁང་སྐྲུན་མཇུག་འགྲིལ་རྗེས་ནུས་རྒྱུ་གསར་པ་འདྲེན་སྤྱོད་ལ་རམ་འདེགས་ནུས་ལྡན་ཐུབ་རྒྱུ་དང་ཆབས་ཅིག་གློག་དྲ་བདེ་འཇགས་ངང་འཁོར་སྐྱོད་བརྟན་པོ་ཐུབ་པར་འགན་ལེན་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་ཐོན་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། རྒྱལ་ཡོངས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་6200ལྷག་ཙམ་ཟིན་ནས། ལོ་དགུ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།