དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷུན་རྩེ་རྫོང་གི“སྐོར་སྐྱོད་འཁོར་རིགས་དོ་དམ་སུའོ”ཡིས་གྲོང་གསེབ་ཏུ་ཁ་ལོ་བའི་ཡིག་རྒྱུགས་གཏོང་བའི་དམངས་ཕན་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    ད་ལོའི་ཟླ་བ་5པ་ནས་བཟུང་། ལྷུན་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“གྲོང་གསེབ་ཏུ་ཁ་ལོ་བའི་ཡིག་རྒྱུགས་གཏོང་བའི”དམངས་ཕན་ཞབས་འདེགས་ཞུས་ནས། ཐག་རིང་གི་ཤང་དང་གྲོང་ཚོའི་ཡུལ་མིའི་ཁྱིམ་གྱི་སྒོ་ཁར་སྦག་སྦག་གི་ཁ་ལོ་བའི་ཡིག་རྒྱུགས་བཏང་ཞིང་། མིག་སྔའི་བར། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་མང་པོར་ཁྱབ་པ་དང་། རིམ་རྩིས་བརྒྱབ་ན་ཡིག་རྒྱུགས་ཐེངས་བཅུ་ལྷག་ཙམ་བཏང་ནས་ཡུལ་མི་4000ཙམ་ལ་ཁ་ལོ་བའི་ཡིག་རྒྱུགས་གཏོང་བའི་ཞབས་འདེགས་ཞུས་པ་དང་། དེའི་ནང་མི་3535ལ་ཁ་ལོ་བའི་ལག་ཁྱེར་རག་སྟེ། ཁ་ལོ་བའི་ལག་ཁྱེར་ལེན་པར་ལམ་ཐག་རིང་བ་དང་། འགྲོ་སོང་ཆེ་བ། དུས་ཡུན་རིང་བ་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་དཀའ་གནད་ཏན་ཏིག་བསལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཡིག་རྒྱུགས་ཀྱི་ཚད་གཞིར་ནན་པོར་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱི་རྒྱུགས་ར་དང་དངོས་སྤྱོད་རྒྱུགས་ར་བཀོད་སྒྲིག་ཚད་ལྡན་བྱས་ཤིང་། རིགས་པའི་གཞུང་ལུགས་ཀྱི་རྒྱུགས་ལེན་ཁུལ་དུ་སློབ་མས་ནན་ཏན་དང་གོ་རིམ་ལྡན་པའི་སྒོ་ནས་ཡིག་རྒྱུགས་གཏོང་བཞིན་ཡོད། ཁ་ལོ་བའི་རྩལ་ནུས་རྒྱུགས་ལེན་ཁུལ་དུ་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་འོག་རྒྱུགས་སྤྲོད་པས་རིམ་པ་བཞིན་ངེས་པར་དུ་གཏོང་དགོས་པའི་ཡིག་རྒྱུགས་རྣམ་གྲངས་ལེགས་སྒྲུབ་བྱེད་ཅིང་། བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཁ་གསལ་དང་ནུས་ཆེ་གོ་རིམ་ལྡན་པ་ཞིག་ཡོད་ལ། རྒྱུགས་སྤྲོད་སློབ་མ་མང་པོ་ཐེངས་གཅིག་ལ་རྒྱུགས་འཕྲོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།