དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ནས་ཁྲེང་ཏུའུ་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    ཟླ་12ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་32ཙམ་ལ། བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་TV9713མངའ་རིས་ཀྱི་དགུན་ས་གནམ་ཐང་དུ་བརྟན་པོའི་ངང་བབས་པ་དང་། དེའི་རྗེས་སུ་ཕྱིར་ལོག་དུས་གཏན་གནམ་གྲུ་TV9714མངའ་རིས་ཀྱི་དགུན་ས་གནམ་ཐང་ནས་དལ་གྱིས་འཕུར་བ་ལས་མངའ་རིས་ཀྱི་དགུན་ས་ནས་ཁྲེང་ཏུའུ་ཡི་ཐེན་ཧྥུའུ་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་ཐུབ་པ་མཚོན་ཡོད།

    མཁའ་ལམ་དེ་ཉིད་ཤར་གཏོང་ཐུབ་པ་དེས་རྒྱ་ཆེའི་འགྲུལ་པར་སྔར་བས་ནུས་ཆེ་དང་སྟབས་བདེའི་ཕྱིར་སྐྱོད་གདམ་ག་ཞིག་བསྐྲུན་པ་མ་ཟད། ཡུལ་དུས་ཀྱི་གནས་སྟངས་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ། མི་རིགས་མཉམ་འདྲེས་སོགས་ཀྱི་ཐད་ལ་མངའ་རིས་ས་ཁུལ་དང་ལྷོ་ནུབ་དབུས་རྒྱུད་དབར་མཉམ་འདྲེས་ཟབ་ཏུ་ཕྱིན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པའང་སྣོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།