དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཕའེ་ཆིའུ་སྤོ་ལོ་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཕའེ་ཆིའུ་སྤོ་ལོ་མཐུན་ཚོགས་ཀྱིས་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་དང་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས་པ་རེད། དེ་ལས་རང་ལྗོངས་ཀྱི་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་མ་ལག་ཅན་དང་ཚད་ལྡན་ཅན་དུ་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་རྐྱང་དུ་དངོས་སུ་སླེབས་པ་མཚོན་གྱི་ཡོད།

    བོད་རང་སྐྱོང་ལྗོངས་ཕའེ་ཆིའུ་སྤོ་ལོ་མཐུན་ཚོགས་བཙུགས་པ་དེས་ལྗོངས་ནང་ཁུལ་གྱི་ཕའེ་ཆིའུ་སྤོ་ལོའི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་དང་རྣམ་གྲངས་འཕེལ་རྒྱས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། བོད་དུ་དེ་བས་སྣ་མང་གི་ལུས་རྩལ་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་རྒྱུར་རོགས་རམ་བྱས་ཏེ་ལུས་རྩལ་སྟོབས་ཆེན་ལྗོངས་འཛུགས་སྐྱོང་དང་ས་མཐོའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕའེ་ཆིའུ་སྤོ་ལོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།