དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་རྒྱུད་ཀྱི”བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་འགོ་ཚུགས་མཛད་སྒོ་དང་རྒྱལ་ཡོངས་བོད་ལུགས་གསོ་རིག་གནའ་དཔེའི་མཐོ་རིམ་གླེང་སྟེགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    ཉེ་ཆར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་རྒྱུད་ཀྱི”བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་འགོ་ཚུགས་མཛད་སྒོ་དང་རྒྱལ་ཡོངས་བོད་ལུགས་གསོ་རིག་གནའ་དཔེའི་མཐོ་རིམ་གླེང་སྟེགས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང(བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང)དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་སྒོ་ཕྱེ་བའི་ཞིབ་འཇུག་ལྟེ་གནས་ཀྱིས་ལས་སྟེགས་དང་འབྲེལ་ཐག་གི་ནུས་པ་གང་ལེགས་བཏོན་ཏེ། རྒྱལ་ཁབ་ཕྱི་ནང་གི་བོད་ལུགས་གསོ་རིག་ཞིབ་འཇུག་གི་ཐོན་ཁུངས་ལེགས་གྲས་བསྡུ་སྒྲིལ་གྱིས་ཁྱབ་ཁོངས་དེ་གའི་རྒྱལ་སྤྱིའི་སྤེལ་རེས་དང་རིག་གཞུང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དང་། དུས་མཚུངས་སུ་གཉེར་བའི་མཐོ་རིམ་གླེང་སྟེགས་ཀྱིས་བོད་ལུགས་གསོ་རིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆའི་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོབ་དང་། ཚད་ལྡན་རང་བཞིན་གྱི་ལེགས་སྒྲིག གསར་གཏོད་རང་བཞིན་གྱི་བཀོལ་སྤྱོད་བཅས་ལ་དམིགས་ཏེ། རྒྱལ་ཡོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་བློ་གྲོས་འདུས་ནས། གནའ་དཔེ་རྒྱུན་འཛིན་དང་གསར་གཏོད་ཀྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་པ་དང་། བོད་ལུགས་གསོ་རིག་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།