དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སོལ་རླངས་དང་ཨར་ལས་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    ཟླ་12ཚེས་26ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཡིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་སོགས་ཚན་པའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་སོལ་རླངས་གཉེར་སྐྱོང་ས་ཚིགས་དང་། ཨར་ལས་ཁུལ། བཟའ་བཏུང་ཁེ་ལས་བཅས་སུ་བསྐྱོད་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་དང་སོལ་རླངས་ཀྱི་བདེ་འཇགས་དང་ཨར་ལས་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཀྲང་ལི་ཡིས་ནན་བཤད་གནང་དོན། གཏོགས་ཁོངས་ཀྱི་འགན་འཁྲི་དང་། ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་རྒྱུན་ཆད་མེད་པར་ནན་དཀྲིས་བྱས་ཏེ། ལས་ཀའི་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། སོལ་རླངས་ཁྱབ་ཁོངས་དང་ཨར་ལས་ཁུལ་གྱི་བདེ་འཇགས་ལ་ལྟ་འདོམས་ཡག་པོ་བྱེད་དགོས། བཟའ་བཏུང་ཁེ་ལས་དང་གྲོང་མི་སོགས་སོལ་རླངས་སྤྱོད་མཁན་གྱི་བདེ་འཇགས་ཀྱི་འགོག་ཟོན་བྱ་ཐབས་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་དང་ལས་དོན་མཐའ་དག་དོན་ཐོག་ཏུ་འཁྱོལ་བའི་བྱ་སྤྱོད་དངོས་ལ་བརྟེན་ནས། སོལ་རླངས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས། གནས་ཚུལ་ཆུང་ཙག་ནས་འགོ་བཙུགས་ཏེ་ཨར་ལས་ཁུལ་གྱི་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། “འགྱངས་ཆད་གཉིས”ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱས་ནས། སྤུས་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།