དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་མཉམ་སྡེབ་གསུམ་དང་མི་སྒེར་བཞི་ལ་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

     ཉེ་ཆར། ཀྲུང་གོའི་ཆུ་གྲོན་ཆུང་གི་བྱ་དགའ་སྐབས་དང་པོའི་བྱ་དགའ་སྤྲོད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། བོད་ཀྱི་མཉམ་སྡེབ་3དང་མི་སྒེར་4ལ་བྱ་དགའ་ཐོབ་པ་རེད།

    སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་དང་། འབད་འཐབ་ཀྱི་མིག་དཔེ་གཏོད་པ། སྤྱི་ཚོགས་ལས་རིགས་ཁག་གིས་ཆུ་གྲོན་ཆུང་གི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་ལག་གདང་སྦྲེལ་ནས་ཆུ་གྲོན་ཆུང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ལྕག་བཅས་བྱ་ཆེད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆོག་མཆན་བརྒྱུད་ཀྲུང་གོའི་ཆུ་གྲོན་ཆུང་གི་བྱ་དགའ་བཙུགས་ཤིང་། ཀྲུང་གོའི་ཆུ་གྲོན་ཆུང་གི་བྱ་དགའ་སྐབས་དང་པོས་པེ་ཅིང་གྲོང་ཁྱེར་ཆུ་དོན་ཅུས་ཀྱི་པེ་ཅིང་གྲོང་ཁྱེར་ཆུ་གྲོན་ཆུང་གཞུང་ལས་ཁང་སོགས་ཚན་པ་149ལ“ཀྲུང་གོའི་ཆུ་གྲོན་ཆུང་གི་བྱ་དགའི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པ་དང་། ཀྲུའུ་ཧྭ་སོགས་བློ་མཐུན་199ལ“ཀྲུང་གོའི་ཆུ་གྲོན་ཆུང་གི་བྱ་དགའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་རེད།

    དེའི་ནང་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་མཐོ་གསར་ལག་རྩལ་དང་ནུས་རྒྱུ་གྲོན་ཆུང་ཁོར་ཡུག་སྲུང་སྐྱོང་ཁྲུའུ་དང་། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་སྐྱེ་ཁམས་འཛུགས་སྐྲུན་ཁྲུའུ། བོད་ལྗོངས་ཀྲུང་ཚའེ་མདོ་ལ་ཨར་འདམ་ཚད་ཡོད་ཀུང་སིར“ཀྲུང་གོའི་ཆུ་གྲོན་ཆུང་གི་བྱ་དགའི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཞིང་ལས་དང་གྲོང་གསེབ་ཁྲུའུ་ཡི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་ཞུའེ་ཡོན་དང་། བོད་རང་སྐྱོང་ལྗོངས་ཆུ་བེད་གློག་ཤུགས་འཆར་འགོད་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་གི་ཆུ་བེད་ཚན་རིག་ཞིབ་འཇུག་སུའོ་ཆུའི་སྐྱེ་ཁམས་དང་ཆུའི་གནོད་འཚེ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཅན་ཧྥེང་། ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཆུའི་ཐོན་ཁུངས་དོ་དམ་ཁོའོ་ཡི་བཟོ་བཀོད་པ་སུའོ་ཡིའུ་ཚའེ། བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཞུས་ཆི་ཡུན་བཅས་ལ“ཀྲུང་གོའི་ཆུ་གྲོན་ཆུང་གི་བྱ་དགའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།