དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1348066ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-29

    གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། མཐའ་མའི་ཞིབ་དཔྱད་ལྟར་ན། 2024ལོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ད་ལྟའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1348066ཟིན་པ་དེ་ཐོག་མའི་ཞིབ་རྩིས་གྲངས་འབོར་ལས་སྒོར་དུང་ཕྱུར་1018ཉུང་དུ་ཕྱིན་ཡོད། འགྱུར་མེད་རིན་གོང་ལྟར་བརྩིས་ན། ལོ་གོང་མ་ལས་5.0%འཕར་ནས་ཐོག་མའི་ཞིབ་རྩིས་གྲངས་འབོར་དང་གཅིག་མཚུངས་ཡིན་པ་རེད།

    རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཞིབ་རྩིས་དང་གྲངས་གཞི་ཁྱབ་བསྒྲགས་ལམ་ལུགས་ཀྱི་གཏན་འབེབས་ལྟར་ན། ལོ་འཁོར་མོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཞིབ་རྩིས་ནང་ཐོག་མའི་ཞིབ་རྩིས་དང་མཐའ་མའི་ཞིབ་དཔྱད་གཉིས་ཚུད་ཡོད་པ་རེད། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ལོ་འཁོར་གྱི་བསྡོམས་རྩིས་སྙན་ཞུ་དང་། ནོར་སྲིད་པུའི་ནོར་སྲིད་བསྡོམས་རྩིས། འབྲེལ་ཡོད་སྡེ་ཚན་གྱི་ལོ་འཁོར་གྱི་ནོར་དོན་དཔྱད་གཞི་སོགས་གཞིར་བཟུང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2024ལོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གྲངས་གཞིར་མཐའ་མའི་ཞིབ་དཔྱད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།