དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བརྒྱུད་སྤེལ་གྱི་ནུས་པའི་གླེང་སྟེགས་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-29

    ཉེ་ཆར། 2025ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བརྒྱུད་སྤེལ་གྱི་ནུས་པའི་གླེང་སྟེགས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གཉེར་བ་རེད། ད་ཐེངས་ཀྱི་གླེང་སྟེགས་ནི་མི་དམངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་ཤིང་། “སྲོལ་རྒྱུན་རིག་གནས་ཀྱི་མཚོན་ཚུལ་གསར་པ། རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་བྱ་ཐབས་གསར་པ”བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་སྨྱན་སྦྱོར་དང་། རྒྱལ་སྤྱིའི་བརྒྱུད་སྤེལ་ལྟེ་གནས། མཐོ་སློབ། ཁེ་ལས་སོགས་སྒྲིག་གཞིའི་སྐུ་མགྲོན་150ལྷག་ཙམ་ཞུགས་ཡོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས“བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་རྒྱབ་ལྗོངས་འོག་གི་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་འཐབ་ཇུས་གོ་སྐབས”དང“དུས་རབས་གསར་པའི་ཀྲུང་གོའི་བརྗོད་དོན་གྱི་རྒྱལ་སྤྱིའི་བརྗོད་སྟངས་དང་གཟུགས་བརྙན་གཏོད་པ”སོགས་ཀྱི་བརྗོད་གཞིར་དམིགས་ནས། གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་བརྒྱུད་སྤེལ་གྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པར་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།