2027ལོར་སླེབས་སྐབས་རང་རྒྱལ་གྱིས་སྣེ་ཁྲིད་རང་བཞིན་དང་འདེགས་སྐྱོར་རང་བཞིན་ལྡན་པའི་གྲངས་གཞིའི་ཚན་རྩལ་གསར་གཏོད་ལས་སྟེགས་ཁག་གཅིག་བསྐྲུན་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས《གྲངས་གཞིའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་ལག་བསྟར་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། བསམ་འཆར་ནང་ཁ་གསལ་བཏོན་དོན། 2027ལོར་སླེབས་སྐབས་སྣེ་ཁྲིད་རང་བཞིན་དང་འདེགས་སྐྱོར་རང་བཞིན་ལྡན་པའི་གྲངས་གཞིའི་ཚན་རྩལ་གསར་གཏོད་ལས་སྟེགས་ཁག་གཅིག་བསྐྲུན་ཏེ་ཁེ་ལས་ཀྱིས་གཙོ་བོར་བྱེད་པ་དང་། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ཀྱི་ཕན་ཆེའི་གསར་གཏོད་ལམ་སྲོལ་ཆགས་པར་བྱེད་པ། གཞི་གྲངས་སྐུལ་འདེད་ཀྱི་ཐོན་ལས་གསར་གཏོད་མ་ལག་རགས་ཙམ་ཆགས་པར་བྱས་ནས་གྲངས་གཞི་མཁོ་འདོན་དང་། འཁོར་རྒྱུག བེད་སྤྱོད། བདེ་འཇགས་སོགས་ཀྱི་འགག་རྩའི་ལག་རྩལ་དང་སྒྲིག་ཆས་དུས་མཚམས་རང་བཞིན་གྱི་ཚད་བརྒལ་ཡོང་བར་བྱ་རྒྱུ་རེད།
བསམ་འཆར་ནང་བཏོན་པར། འགག་རྩའི་གྲངས་གཞིའི་ལག་རྩལ་གྱི་འགག་སྒྲོལ་ཚད་བརྒལ་ལ་ཤུགས་སྣོན་རྒྱག་དགོས་པ། གྲངས་གཞིའི་ཚན་རྩལ་ཞིབ་སྤེལ་དེ་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིའི་མ་ལག་ནང་བཅུག་ནས་འགག་སྒྲོལ་གྲངས་གཞི་མཁོ་འདོན་དང་། འཁོར་རྒྱུག བེད་སྤྱོད། བདེ་འཇགས་སོགས་ཀྱི་འགག་རྩའི་ལག་རྩལ་དང་དེ་བཞིན་མི་ཐབས་རིག་ནུས་དང་གཟུགས་ཅན་རིག་ནུས་སོགས་ལག་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོ་བའི་གཞི་གྲངས་ཕྱོགས་འདུས་འཛུགས་པ་དང་གདེང་འཇོག་སོགས་ལག་རྩལ་འགག་སྒྲོལ་མགྱོགས་པོ་བྱེད་པ། གྲངས་གཞིའི་ཁྱབ་ཁོངས་ཀྱི་འགག་རྩའི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་ཆས་ཁག་གཅིག་ཞིབ་བཟོ་བྱེད་དགོས། 2030ལོར་སླེབས་སྐབས་གྲངས་གཞིའི་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱས་ནས་གྲངས་གཞིའི་ཚན་རྩལ་གསར་གཏོད་དང་ཐོན་ལས་སྐྱེ་ཁམས་མ་ལག་སྤྱི་ཡོངས་ནས་ཡར་རྒྱས་ཡོང་བར་བྱེད་པ་དང་། གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་མཐུན་རྐྱེན་སྦྱོར་ནུས་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས།
བསམ་འཆར་ནང་ད་དུང་ཚོད་ལྟའི་བདེན་དཔང་ར་སྤྲོད་དང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་གཞིའི་ཚན་རྩལ་གསར་གཏོད་གྲུབ་འབྲས་ཕན་ཆེའི་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། གྲངས་གཞིའི་ཁྱབ་ཁོངས་ཀྱི་གསར་གཏོད་ལས་སྟེགས་མ་ལག་འཛུགས་པ། གཙོ་གནད་གསར་གཏོད་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། གྲངས་གཞིའི་ཚན་རྩལ་འབབ་བཟོ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་གྲངས་སྐུལ་འདེད་ཀྱི་ཚན་ཞིབ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲངས་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གྲངས་གཞིའི་ཚན་རྩལ་གསར་གཏོད་ཀྱི་སྒྲིག་བཀོད་ཀྱི་གཞི་གདན་བརྟན་དུ་གཏོང་བ། ཤེས་ལྡན་པའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་དཔྱ་ཁྲལ་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་གཞིའི་ཚད་ལྡན་འདེགས་སྐྱོར་ཆུ་ཚད་མཐོ་རུ་གཏོང་བ་སོགས་བཀོད་སྒྲིག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།