དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཧའར་པིན་ཉི་མའི་གླིང་ཕྲན་གངས་བརྐོས་འགྲེམས་ཚོགས་ཚོད་ལྟའི་ངང་སྒོ་ཕྱེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-29

    ཉེ་ཆར་སྐབས་38པའི་ཉི་མའི་གླིང་ཕྲན་རྒྱལ་སྤྱིའི་གངས་བརྐོས་སྒྱུ་རྩལ་དངོས་མང་སྟོན་ཚོགས་གླིང་ཚོད་ལྟའི་ངང་སྒོ་ཕྱེ་ཞིང་། སྐབས་འདིའི་གངས་བརྐོས་འགྲེམས་ཚོགས་ཀྱིས“གངས་འཁྱགས་ཀྱི་ས་གཞི། མཛེས་པའི་བརྐོས་བརྙན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། འཆར་འགོད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་150ཟིན་པ། གངས་སྤྱོད་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་12ཟིན་ཡོད། བརྗིད་ཉམས་ལྡན་པའི་གངས་བརྐོས་ཀྱི་ཚོགས་ནས་མཛེས་སྡུག་ལྡན་པའི་གསར་གཏོད་ཀྱི་གངས་བརྐོས་བརྩམས་ཆོས་བར་འགྲེམས་ཚོགས་དེས་མི་རྣམས་ལ་གངས་འཁྱགས་ཞིང་ཁམས་ཀྱི་སྒྱུ་རྩལ་གྱི་སྟོན་མོ་གྲ་རྒྱས་པོ་ཞིག་བཤམ་རྒྱུ་རེད།

    འདི་ནི་སྐབས་38པའི་ཉི་མའི་གླིང་ཕྲན་རྒྱལ་སྤྱིའི་གངས་བརྐོས་སྒྱུ་རྩལ་དངོས་མང་སྟོན་ཚོགས་གླིང་དུ་གངས་བརྐོས་པས་གངས་བརྐོས་བརྩམས་ཆོས་ཆེ་གྲས་ཀྱི་མཇུག་བསྡུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།