དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་རང་རྒྱལ་གྱི་ས་ཆུ་ཤོར་ཁུལ་བཅོས་སྐྱོང་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་34ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-29

    “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་རྒྱལ་གྱི་ས་ཆུ་ཤོར་ཁུལ་བཅོས་སྐྱོང་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་34ལས་བརྒལ་བ་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་11.6ཙམ་ཆུང་དུ་ཕྱིན་པ། ས་ཆུ་སྲུང་འཛིན་ཐུབ་ཚད་73%ཡན་ཟིན་ཡོད།

    ས་ཆུ་སྲུང་འཛིན་སྒྱུར་བཅོས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ལེའོ་ཉིང་དང་། ནང་སོག ཅང་ཤིས། སི་ཁྲོན། ཨན་ཧུའེ། ཧྲའན་ཤིས་སོགས་ཀྱིས་ཡུལ་བབ་དང་བསྟུན་ནས་ཆུས་ཟད་གྲོག་རོང་དང་། གྲོག་འབུར། འབབ་རྒྱུད་ཆུང་ངུ་ཕྱོགས་བསྡུས་བཅོས་སྐྱོང་། འདམ་རགས་སོགས་ས་ཆུ་སྲུང་འཛིན་ལས་གྲྭ་འཚོལ་ཞིབ་བྱས་པས། ཡུན་རིང་བེད་སྤྱོད་བརྟན་པོ་ཐུབ་པའི་རྨོ་ཞིང་ཆགས་པ་དང་། གཏན་འབེབས་ལྟར་རྨོ་ཞིང་གསབ་སྣོན་ཐད་སྤྱོད་ཐུབ་ཡོད། ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་བས། ས་གནས་ཀྱིས་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཐོན་རྫས་གཞན་འགྱུར་ཉོ་ཚོང་བྱེད་པར་མཛུབ་ཁྲིད་ཀྱང་ཐུབ་ཡོད།

    གཙོ་གནད་ས་ཁུལ་གྱི་ས་ཆུ་ཤོར་རིགས་བཅོས་སྐྱོང་ནུས་ལྡན་ཐུབ་ཅིང་། གཙང་པོ་དང་ཆུ་བོ་ཆེན་པོའི་སྟོད་རྒྱུད་དང་དབུས་རྒྱུད་དང་། བྱང་ཤར་གྱི་ས་ནགས་ཁུལ། ལྷོ་ནུབ་ཀྱི་བྲག་ཞུན་ཁུལ། ལྷོ་ཆུ་བྱང་འདྲེན་གྱི་ཆུ་འགོའི་ཁུལ། འགག་གསུམ་ཆུ་མཛོད་ཁུལ་སོགས་གཙོ་གནད་དུ་བཟུང་སྟེ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་འབབ་རྒྱུད་ཆུང་ངུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་མ་དངུལ་བཏང་ནས་རྒྱབ་སྐྱོར་དང་། ས་ཆུ་ཤོར་ཁུལ་སྤྱི་ལེ་ངོས་གྲུ་ཁྲི་6.7བཅོས་སྐྱོང་བྱས་པས། རྣམ་གྲངས་ལག་བསྟར་བྱེད་ཁོངས་ཀྱི་ས་རྒྱུ་ཟད་ཚད་བརྒྱ་ཆའི་གྲངས་15ནས་20བར་དམའ་རུ་ཕྱིན་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།