དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་དྲ་རྒྱའི་བེད་སྤྱོད་ཚད་ལྡན་དུ་གཏོང་དགོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཉི་དབྱི།   |     སྤེལ་དུས།  2025-12-29

    ཟླ་12ཚེས་22ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྐོར་གྱི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པར་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། དེ་གོང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྐོར་གྱི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཐོག་མའི་གྲོས་ཞིབ་བྱས་ཡོད།

    རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་། འཐུས་མི། སྡེ་ཚན། ས་གནས། སྤྱི་ཚོགས་ཀྱི་སྤྱི་དམངས་བཅས་ཁག་གཅིག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་དྲ་རྒྱའི་བེད་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་དྲ་རྒྱའི་དཔེ་སྐྲུན་དངོས་པོའི་སྐད་དང་ཡི་གེ་བེད་སྤྱོད་ཐད་གཏན་འབེབས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་དྲ་རྒྱའི་རོལ་རྩེད་སོགས་དྲ་རྒྱའི་དཔེ་སྐྲུན་དངོས་པོའི་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩར་བྱས་པའི་སྐད་དང་ཡི་གེ་བེད་སྤྱོད་ཁ་གསལ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

    རྒྱུན་ཨུད་ཀྱི་ཨུ་ཡོན་དང་། སྡེ་ཚན། ས་གནས་བཅས་ཁག་གཅིག་གིས་རྒྱལ་སྤྱིའི་སྤེལ་རེས་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་གཤམ་གསལ་གྱི་བཟོ་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན་པ་སྟེ། གཅིག་ནས་རྒྱལ་ཁོངས་ནང་དུ་སྤེལ་བའི་རྒྱལ་སྤྱིའི་འགྲེམས་སྟོན་དང་རྒྱལ་སྤྱིའི་ཚོགས་འདུ་སོགས་ཀྱི་མཚོན་རྟགས་དང་། ཟིན་བྱང་། དྲིལ་བསྒྲགས་དངོས་རྫས་སོགས་ལ་ཕྱི་རྒྱལ་གྱི་སྐད་ཡིག་བེད་སྤྱོད་བྱེད་དགོས་ཚེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་མཚུངས་སུ་སྤྱོད་དགོས་པ་ཁ་གསལ་བཟོས་པ་དང་། གཉིས་ནས་རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་བརྒྱུད་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།