དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་བུད་མེད་ཀྱི་སློབ་སྦྱོང་ཆེ་མོ་དང་སྒྲོག་འགྲེལ་ཆེ་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-29

    ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཉེར་བའི“བུད་མེད་ཀྱི་སྐད་སྒྲ་གངས་ལྗོངས་ས་མཐོར་ཁྱབ། གངས་ལྗོངས་བུ་མོས་ལེའུ་གསར་གླེང”བུད་མེད་ཀྱི་སློབ་སྦྱོང་ཆེ་མོ་དང་སྒྲོག་འགྲེལ་ཆེ་མོའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སློབ་སྦྱོང་ཆེ་མོ་དང་སྒྲོག་འགྲེལ་ཆེ་མོའི་བྱེད་སྒོའི་ཚོགས་པ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་། སྔོན་ཐོན་དཔེ་མཚོན། ལས་རིགས་ཀྱི་རྐང་འཛིན་པ་དང་བུད་མེད་དང་བླངས་པ་ལས་གྲུབ་པ་ཞིག་ཡིན་ཞིང་། ཁོང་ཚོར“ཨ་ཅག་སྒྲོག་འགྲེལ་རུ་ཁག”ཅེས་འབོད་ཀྱི་ཡོད། ཁོང་ཚོས“ས་གནས་རེ་ལ་ཁྱད་ཆོས་རེ་དང་། མི་རེར་ངོ་མཚར་རེའི”འདུ་ཤེས་བཟུང་ནས། གྲོང་གསེབ་ཀྱི་སྒོ་ར་དང“གསར་གསུམ”ཁེ་ལས། སློབ་གླིང་དང་སྡེ་ཁུལ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སོགས་སྒྲོག་འགྲེལ་བྱས་ཏེ་ཏང་གི་གསུང་སྒྲ་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།