དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་ཕུལ་བའི་འཁྲབ་ཚན་ཐུང་གྲས《ཤར་ཕྱོགས་རི་བོའི་རྩེ་ནས》སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-29

    ཉེ་ཆར། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་ཕུལ་བའི་འཁྲབ་ཚན་ཐུང་གྲས་རྩེ་གྲས《ཤར་ཕྱོགས་རི་བོའི་རྩེ་ནས》ཞེས་པ་ཐེང་ཤུན་བརྙན་ལམ་དུ་དངོས་སུ་བསྟན་པ་རེད། བོད་ལྗོངས་མི་རིགས་སློབ་ཆེན་དང་ཧྲའན་ཤིས་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་སོགས་ཀྱིས་མཉམ་དུ་བཟོས་པའི་འཁྲབ་ཚན་འདི་ནི་གློག་བརྙན་འདི་དང་མིང་གཅིག་པའི་བྱ་དགའ་ཐོབ་པའི་བརྩམས་སྒྲུང་ལ་སྒྱུར་བཟོ་བྱས་ནས་འཁྲབ་པ་ཞིག་ཡིན་ཞིང་། དེའི་ནང་གངས་ལྗོངས་ས་མཐོར་བྱུང་བའི་དཀའ་སྡུག་ནས་བདེ་སྐྱིད་བར་གྱི་འཕོ་འགྱུར་རླབས་པོ་ཆེའི་གནས་ཚུལ་ཇི་མ་ཇི་བཞིན་མཚོན་པར་བྱས་ཡོད།

    གློག་བརྙན་འདིས“མ་གནས་དམའ་བ་དང་། བརྩེ་སེམས་ཟབ་པ། དྲང་ནུས་ལྡན་པ”བཅས་ཀྱི་གསར་རྩོམ་གྱི་ཕྱོགས་སྟོན་ལ་བརྟེན་ནས་མི་སྒེར་གྱི་འཚར་ལོངས་དང་། མི་རིགས་མཐུན་སྒྲིལ། སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བ་བཅས་ཀྱི་བརྗོད་དོན་གཙོ་བོ་འཁྲབ་ཚན་ནང་ལེགས་པར་བཅུག་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་དུ་གཏོང་བའི་དུས་རབས་ཀྱི་ནང་དོན་ཁག་གཏམ་རྒྱུད་ནས་གང་ལེགས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།