དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱི་རྒྱལ་དུ་རྨང་གཞིའི་སྒྲིག་བཀོད་སྐྲུན་རོགས་བྱས། དམངས་འཚོའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས།

    ——ཀྲུང་གོའི་འཛུགས་སྐྲུན་ལ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-28

    ལོ་མང་རིང་། ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཤིང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ(COP28)ཏི་པའེ་རུ་འཚོག་རིང་། ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིས་COP28སྔོ་ཁུལ་གྱི་ཀྲུང་གོའི་ཆ་ཤས་ཁུལ་དུ“འཛུགས་སྐྲུན་ཁེ་ལས་ཀྱིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཁྱབ་ཁོངས་སུ་ཕུལ་བའི་ལེགས་སྐྱེས”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་གཙོ་གཉེར་བྱས་ཤིང་། འདི་ནི་ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཟུར་ཚོགས་ལ་གཏམ་བཤད་སྤེལ་བཞིན་པ། (འདི་ག་ཚགས་པར་གྱི་འཛམ་གླིང་དབུས་ཤར་ལྟེ་བའི་ཡན་ལག་ཁང་གི་ནཱ་ཏར་·ཏ་ཝུའུ་ཏེས་པར་བརྒྱབ)

    “ལུའུ་པན་བཟོ་བོའི་འཆར་གཞི”ནི་ཀྲུང་གོ་ཨར་སྐྲུན་གྱིས་བཏོན་པའི་གཏོགས་ཁོངས་ལས་བཟོའི་གསོ་སྦྱོང་འཆར་གཞི་ཞིག་རེད། ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིས་ལས་གྲྭ་ཁག་འགན་གཙང་ལེན་སྐབས། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ་དང་ས་གནས་ས་ཐོག་གི་སློབ་ཁྲིད་བྱེད་སྟངས་བརྒྱུད་རྩལ་ནུས་བཀོལ་སྤྱོད་དང་། བདེ་འཇགས་ཐོན་སྐྱེད། རིགས་པའི་གཞུང་ལུགས་ཤེས་བྱ་སོགས་གསོ་སྦྱོང་སྣ་ཚོགས་བྱས་ཤིང་། འདི་ནི་ཀྲུང་གོ་ཕྱོགས་ཀྱི་ལས་མིས(གཡོན་དང་པོ)ཨར་ལས་བྱ་ཡུལ་དུ་སློབ་ཁྲིད་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་འཛམ་གླིང་དབུས་ཤར་ལྟེ་བའི་ཡན་ལག་ཁང་གི་ཐཱ་ལི་ཁེ·དབྱི་པུའུ་ལ་ཤིན་གྱིས་པར་བརྒྱབ)

    ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིས་ལོ་13བསྟུད་མར་ཏི་པའེ་ལ་ཤིས་ཏེ་ཡི་དབང་སྐྱོན་བྱིས་པའི་ལྟེ་གནས་ལ་ཞལ་འདེབས་ཕུལ་ནས་དབང་སྐྱོན་བྱིས་པའི་་སློབ་གསོའི་ཆ་རྐྱེན་ལེགས་སུ་གཏོང་བར་རམ་འདེགས་བྱས་ཤིང་། འདི་ནི་ད་ལོའི་ཟླ་6པར། ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ(གཡས་དང་པོ)ལ་ཤིས་ཏེ་དབང་སྐྱོན་བྱིས་པའི་ལྟེ་གནས་སུ་བསྐྱོད་ནས་སྤེལ་རེས་བྱེད་བཞིན་པ། (ཀྲུའུ་ཏན་གྱིས་པར་བརྒྱབ)

    ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིས་སྐྲུན་འགན་འཁུར་བའི་སོ་ཏི་ཨ་རབ་ཏེ་ལཱ་དབྱི་ཡེ་གོང་མ་ཚང་གི་ཟློས་གར་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བཟོ་པས་ཨར་ལས་བྱེད་བཞིན་ཡོད་པ་རེད། ཏེ་ལཱ་དབྱི་ཡེ་གོང་མ་ཚང་ཟློས་གར་ཁང་བསྐྲུན་ཟིན་རྗེས་སོ་ཏི་ཨ་རབ་ཀྱི་འཛམ་གླིང་རིམ་པའི་ཟློས་གར་ཁང་དང་པོར་འགྱུར་རྒྱུ་རེད། (འདི་ག་ཚགས་པར་གྱི་གསར་འགོད་པ་རེན་ཧའོ་ཡུས་ཀྱིས་པར་བརྒྱབ)

    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་Taqdeerངལ་རྩོལ་བཟོ་པའི་བྱ་དགའ་ཆེན་པོ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རིམ་པའི་ངལ་རྩོལ་བཟོ་པའི་དོ་དམ་རིགས་ཀྱི་དབང་གྲགས་ལྡན་པའི་བྱ་དགའ་ཆེན་པོ་ཞིག་ཡིན། འདི་ནི་ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིར་Taqdeerངལ་རྩོལ་བཟོ་པའི་བྱ་དགའ་ཆེན་པོ་ཐོབ་པ། (ཨ་པུའུ་ཏུའུ་ལེ་ཡིས་པར་བརྒྱབ)

    ཏི་པའེ་ཤིན་ཏ་ཅ་མཚོ་འགྲམ་ལམ་ཆེན་གྱི་མཐོ་སྒྲོམ་ཟམ་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིས་ལྗང་མདོག་ཨར་ལས་ལག་རྩལ་སྤྱད་དེ་བཟོ་སྐྲུན་བྱས་པ་དང་། ལག་རྩལ་གསར་གཏོད་བྱས་པ་བརྒྱུད་ཟམ་གདན་འདིང་བའི་ལས་ཡུན་ཉིན་100ལྷག་ཙམ་ཐུང་དུ་བཏང་བ་རེད། རྣམ་གྲངས་དེར་རྒྱལ་སྤྱིའི་རྣམ་གྲངས་དོ་དམ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ཕུལ་བྱུང་རྣམ་གྲངས་དོ་དམ་གྱི་གསེར་གྱི་བྱ་དགའ(ཆེས་ཆེ་བའི་རིགས)ཐོབ་པ་དང་། འདི་ནི་ཨར་ལས་བྱ་ཡུལ་ཡིན་པ། (ཁྲེང་ཆན་ལིས་པར་བརྒྱབ)

    ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་གྱི་དངོས་སྒྲུབ་མཉམ་ལས་བྱེད་རིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོའི་ཁེ་ལས་ཁག་གཅིག་གིས་ཀྲུང་ཨའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གོ་སྐབས་ལ་བརྟེན་ནས་ཀྲུང་གོའི་སྤུས་རྟགས་སྔར་བས་སྐད་གྲགས་ཆོད་པ་དང་ཕྱི་རྒྱལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ་དམངས་འཚོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད་པ་རེད།

    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་རུ་ཆ་སྙོམས་མི་34ཡི་ནང་ནས་མི་1ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིས་བསྐྲུན་པའི་ཁང་པར་སྡོད་ཀྱི་ཡོད་པ་རེད། སྡོད་ཁང་དང་། མགྲོན་ཁང་། སློབ་ཆེན། སྨན་ཁང་། གནམ་ཐང་། ལྕགས་ལམ། ཟམ་པ་ལ་སོགས་ལོ་20ཡི་རིང་ཀྲུང་གོ་འཛུགས་སྐྲུན་འཛམ་གླིང་དབུས་ཤར་ཀུང་སིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། ཁུ་ཝེ་ཐེ། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཏུ་གནས་རྟགས་མཚོན་པའི་རྣམ་གྲངས་དང་དམངས་འཚོའི་ལས་གྲྭ་འབོར་ཆེན་ཞིག་བསྐྲུན་པ་དང་། རིམ་རྩིས་བརྒྱབ་ན། ས་གནས་དེ་གའི་མི་ཁྲི་35ལས་ཞུགས་བྱེད་པར་ཐད་ཀར་སྐུལ་ཁྲིད་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ཕྱི་རྒྱལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་པོ་ཡོད་པ་མ་ཟད། དམངས་འཚོའི་དྲོ་སྐྱིད་དེ་བས་ཀྱང་མངོན་ཡོད། རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞིར་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་རྒྱལ་སྤྱི་ཅན་དང་གཏོགས་ཁོངས་ཅན་མཉམ་འདྲེས་ཀྱི་ཤེས་ལྡན་པའི་དཔུང་ཁག་བཏོད་པ་དང་། ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཕན་བྱ་གཞག་ནང་ཞུགས་ནས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བ་ལ་སོགས་པའི་བྱ་སྤྱོད་ཏན་ཏིག་རབ་དང་རིམ་པ་སྤེལ་བར་ཀྲུང་གོའི་ཁེ་ལས་ལ་ས་གནས་དེ་གའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་། ཀྲུང་ཨ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་ཐོག་གཉིས་ཁེ་གཉིས་ཕན་གྱི་གསོན་ཉམས་དོད་པའི་ལག་རྗེས་བཞག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།