དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅི་ལིན་གངས་འཁྱགས་ཐོན་ལས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དགུ་པ་ཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-28

    ཉེ་ཆར། ཅི་ལིན་གངས་འཁྱགས་ཐོན་ལས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དགུ་པ་ཅི་ལིན་ཁྲང་ཁྲུན་དུ་འཚོགས་པ་རེད། སྐབས་འདིའི་གངས་འཁྱགས་ཐོན་ལས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“གངས་འཁྱགས་ཀྱི་འཛད་སྤྱོད་གསར་པ། འབྱུང་འགྱུར་གསར་པར་མཉམ་སྤྱོད་བྱེད”ཅེས་པ་དེ་རེད། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.15ཟིན་ཞིང་། འགྲེམས་ཚོགས་ལ་ཞུགས་མཁན་ཁེ་ལས་420དང་སྤུས་རྟགས་550ཡོད་པ་དེ་དག་གངས་འཁྱགས་ཀྱི་སྒྲིག་ཆས་དང་གངས་འཁྱགས་ལུས་རྩལ་སོགས་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་ཡོད་པ་རེད། གངས་འཁྱགས་ཐོན་ལས་རྒྱལ་སྤྱིའི་འགྲེམས་ཚོགས་རིང་། འགྲེམས་ཁང་ནང་གངས་མེད་གངས་ཤུད་ཉམས་ལེན་ཁུལ་བཟོས་པ་སྟེ། གངས་ཤུད་གློད་ས་འདྲ་བཟོས་བྱས་ཏེ་མི་རྣམས་ལ་ཁང་པའི་ནང་གངས་ཤུད་ཀྱི་སྤྲོ་སྣང་ཚོར་བར་བྱས་པ་དང་ཆབས་ཅིག གངས་མེད་གངས་ཤུད་འགྲན་བསྡུར་བྱས་པར་གཞོན་ནུ་ལོ་ཆུང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།