དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱིས་དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་གུད་གསབ་ཁ་གསབ་ཀྱི་ཚད་གཞི་སླར་ཡང་མཐོ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-28

    གསར་འགོད་པར་ཚེས་25ཉིན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་དོན། 2025ལོའི་ཟླ་8ཚེས་1ཉིན་ནས་བཟུང་དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་དང་དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གྱི་མི་སྣ་གཞན་དག་གི་གུད་གསབ་དང་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུ་ཁ་གསལ་བསྟན་ཡོད། བརྡ་ཐོའི་ནང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གུད་གསབ་དངུལ་དང་འཚོ་བའི་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་གྲངས་ཚང་སྤྲོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱིས་གུད་གསབ་ཁ་གསབ་ཀྱི་ཚད་གཞི་སླར་ཡང་མཐོ་རུ་བཏང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། རྒྱ་ཆེའི་གཟིགས་སྐྱོང་བྱ་ཡུལ་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་གང་ལེགས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།