དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་10%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-28

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་འཕར་ཐང་འཛིན་ཤོག་གི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2025ལོ་ནས་བཟུང་། རང་རྒྱལ་གྱི་གྲངས་འཛིན་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་10%འཕར་ནས་རྒྱལ་ཡོངས་ཀྱི་ཁེ་ལས་སྤྱིའི་འཕར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པའི་ནང་། རིག་ནུས་སྒྲིག་ཆས་བཟོ་སྐྲུན་དང་། གློག་རྡུལ་ལྷུ་ལག་དང་སྒྲིག་ཆས་བཟོ་སྐྲུན་སོགས་རིག་ནུས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་28.2%དང་10.9%སོ་སོར་འཕར་ཡོད། AIདཔེ་དབྱིབས་ཆེན་པོ་དང་། གྲངས་གཞི་ཆེན་པོ། ཟོག་འབྲེལ་དྲ་རྒྱ་སོགས་ཀྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གཙོ་བོར་བྱས་པའི་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་14.3%འཕར་བ་དང་། ལྷག་པར་དུ་དྲ་རྒྱ་དང་འབྲེལ་བའི་ཞབས་ཞུ་དང་ཆ་འཕྲིན་ལག་རྩལ་གྱི་ཞབས་ཞུ་དུས་མཚུངས་ལས་16.1%དང་15.2%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།