བོད་ལྗོངས་དིང་རི་རྫོང་གི་མི་སེམས་འགུལ་བའི་པར་རིས།

འདི་ནི་བོད་ལྗོངས་དིང་རི་རྫོང་གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་མཚོ་མོས་ཕྲུ་གུ་པང་དུ་ཁུར་ནས་དགུན་ཆས་ལེན་བཞིན་པ།

འདི་ནི་བོད་ལྗོངས་དིང་རི་རྫོང་ཟིང་དཀར་གྲོང་ཚོའི་ཡུལ་མིས་ཁང་པ་གསར་པར་ཁང་གསོལ་གཏོང་བཞིན་པ།
2025ལོའི་ཟླ་1ཚེས་7ཉིན་གྱི་ཞོགས་པའི་ཆུ་ཚོད་9དང་སྐར་མ་5ཙམ་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་པ་དང་། ས་ཡོམ་ལས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་མ་ཟད་ཁང་པ་མང་པོར་གཏོར་སྐྱོན་ཕོག་ཡོད། དུས་དེ་ནས་བཟུང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་གཅེས་སེམས་དེ་གར་གཅིག་དུ་འདུས་ནས་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།