དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ངལ་རྩོལ་པའི་གླ་ཆའི་ཁེ་དབང་ལ་འགན་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-27

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། གསར་འགོད་པར“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་རིམ་སྤེལ་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆེད་དོན་ཚོགས་ར་ནས་ཤེས་རྟོགས་བྱུང་བར། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བར་བྱེད་པ་ནི་དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་ཞུགས་ཀྱི་དུས་བབ་གསར་པའི་འགྱུར་ལྡོག་དང་ཧུར་ཐག་བསྟུན་ནས། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཤིང་། རིམ་རྩིས་བརྒྱབ་ན་ངལ་རྩོལ་པ་ཁྲི་12.14ལ་གླ་ཆ་སྒོར་དུང་ཕྱུར་14.38ལེན་རོགས་བྱས་པ་རེད།

    ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་གློག་རྡུལ་ངལ་རྩོལ་གན་རྒྱའི་ཆ་འཕྲིན་མ་ལག་བསྐྲུན་ནས་ངལ་རྩོལ་གན་རྒྱ་འཇོག་པ་དང་ལག་བསྟར་བྱེད་པའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཞིང་། 《མཚོ་སྔོན་ཞིང་ཆེན་གྱི་ངལ་ནུས་མངགས་གཏོང་ཚན་པའི་ཡིད་རྟོན་རིམ་པའི་གདེང་འཇོག་བྱ་ཐབས》བཏོན་ནས་ཞིང་ཆེན་ཡོངས་ཀྱི་ངལ་ནུས་མངགས་གཏོང་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    མྱུར་སྐྱེལ་ལས་རིགས་ཀྱིས་ངལ་རྩོལ་གན་རྒྱའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པས། ཞིང་ཆེན་ཡོངས་སུ་མྱུར་སྐྱེལ་ཁེ་ལས་ཀྱི་ངལ་རྩོལ་གན་རྒྱ་འཇོག་ཚད་92.3%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་གླ་ཆ་དམའ་ཤོས་ཀྱི་ཚད་གཞི་དང་ཆུ་ཚོད་རེའི་གླ་ཆ་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་ཐེངས་གཉིས་བྱས་པར་སྒོར་2080དང་སྒོར་20ཁག་སོ་སོར་ཟིན་ཡོད། འདུམ་འགྲིག་འདུམ་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་སུ“གཅིག་འཐུས་རྣམ་པའི” འདུམ་འགྲིག་ཁང་18བཙུགས་པ་རེད།

    རིམ་རྩིས་བརྒྱབ་ན་སྤྱི་བདེ་ལས་ཁུངས་ལ་ངལ་རྩོལ་གླ་ཆ་མི་སྤྲོད་པའི་དོགས་ཡོད་ཉེས་གསོག་གྱོད་གཞི་ཁག་151སྐྱེལ་བ་དང་། གླ་ཆ་ཆད་པའི་དཔེ་མཚོན་གྱོད་གཞི་ཚབས་ཆེན་ཁག་110སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ནས་མི་སྤྱོད་ཚན་པ་56དང་དེའི་ཁྲིམས་བཀོད་འཐུས་ཚབ་པ་ཡིད་རྟོན་མེད་རིགས་ལ་མཉམ་དུ་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་བཅུག་ཅིང་། རིམ་རྩིས་བརྒྱབ་ན་ངལ་རྩོལ་པ་ཁྲི་12.14ལ་གླ་ཆ་སྒོར་དུང་ཕྱུར་14.38ལེན་རོགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཐེར་འདོན་གྱི་ཞུ་གཏུག་གྱོད་གཞི་ཐག་གཅོད་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།