ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་སྨྱན་སྦྱོར་གླེང་སྟེགས་སྐབས་དགུ་པ་གཉེར་བ།
ཚེས་24ཉིན། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པའི་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་སྨྱན་སྦྱོར་གླེང་སྟེགས་སྐབས་དགུ་པ་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་རུ་གཉེར་བ་རེད། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“སྨྱན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི‘2.0རིམ་སྤོར་པར་གཞི’འཛུགས་སྐྲུན་ལ་རམ་འདེགས་བྱེད”ཅེས་པ་དེ་རེད།
ཕ་ཁི་སི་ཐན་གྱི་གསར་འགྱུར་དང་རྒྱང་བསྒྲགས་པུའི་པུའུ་ཀྲང་ཨཱ་ཐའོ་ལཱ·ཐཱ་ལར་གྱིས། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཕ་ཀྲུང་མཛའ་གྲོགས་ཀྱི་བརྒྱུད་བསྒྲགས་པ་ཡག་པོ་ཞིག་བྱས་ཏེ། བར་ཁྱམས་ཀྱི“2.0རིམ་སྤོར་པར་གཞི”འཛུཊ་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད། ཐཱ་ལར་གྱིས་ཤིས་ཚིག་སྒྲོན་སྐབས། 2013ལོར་འགོ་ཚུགས་ཚུན། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་བཏང་ནས་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་བཏོད་ཡོད། བར་ཁྱམས་ཀྱི“2.0རིམ་སྤོར་པར་གཞི”ཡིས་ཁེ་ལས་སྦྲེལ་མཐུད་ལ་དམིགས་ནས་དམངས་གཉེར་མ་རྩ་དེ་བས་མང་བ་གཏོང་རྒྱུའི་ཡིད་དབང་བཀུག་ཡོད་པས། སྨྱན་སྦྱོར་ཁག་གིས་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་མུ་མཐུད་དོ་ཁུར་བྱས་ནས་འོས་སྦྱོར་ཧུར་ཐག་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།