ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་འཇོར་ཇི་ཡའི་དེང་རབས་ཅན་གྱི་ལྕགས་ལམ་རྣམ་གྲངས་གཉེར་སྐྱོང་བྱེད་འགོ་ཚུགས་པ།
ཐ་པིལ་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ལྕགས་ལམ་ཅུས་ཉེར་གསུམ་པས་སྐྲུན་འགན་ཁུར་བའི་འཇོར་ཇི་ཡའི་དེང་རབས་ཅན་གྱི་ལྕགས་ལམ་རྣམ་གྲངས་དེ་ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་24ཉིན་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། དེ་ནི་འཇོར་ཇི་ཡའི་རྒྱལ་ནང་དུ་གསར་དུ་བསྐྲུན་ནས་བདེ་བླག་ངང་གཉེར་སྐྱོང་བྱེད་འགོ་ཚུགས་པའི་ལྕགས་ལམ་གྱི་རྣམ་གྲངས་ཆེ་ཤོས་དེ་རེད།
འཇོར་ཇི་ཡའི་དེང་རབས་ཅན་གྱི་ལྕགས་ལམ་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་43.9ཙམ་ཡོད་ཅིང་། ཙེ་སི་ཐ་པོ་ཉི་གྲོང་ཁྱེར་དང་ཧ་ཧྲུའུ་ལི་གྲོང་ཁྱེར་སྦྲེལ་ཞིང་། དེ་ནི་རྒྱལ་ཁབ་དེའི་ཤར་རྒྱུད་དང་ནུབ་རྒྱུད་འགྲིམ་འགྲུལ་གྱི་འཕར་རྩ་གཙོ་བོ་དེ་ཡིན་ལ། ལི་རྒྱ་མཚོ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། རྣམ་གྲངས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། ཐལ་པིལ་སི་ནས་མཚོ་ནག་གྲུ་ཁའི་བར་གྱི་ཆ་སྙོམས་འགྲོ་སྐྱོད་ལས་ཕྱོད་37%མཐོ་རུ་འགྲོ་རྒྱུ་དང་ལོ་རེའི་ཟོག་འདྲེན་ནུས་པ་ལྡབ་འཕར་ཐུབ་རེ་ཡོད་པས། དེས་འཇོར་ཇི་ཡ་དང་མཐའ་འཁོར་རྒྱལ་ཁབ་དབར་གྱི་ཉོ་ཚོང་འབྲེལ་མཐུད་དང་མཉམ་ལས་སྤེལ་རེས་ཟབ་ཏུ་འགྲོ་རྒྱུ་མ་ཟད། འཇོར་ཇི་ཡའི་ཐོན་ལས་རིམ་སྤོར་ལ་སྐུལ་མ་ཐེབས་རྒྱུ་དང་ལམ་རྒྱུད་ཀྱི་ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐེབས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།