དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཆ་འཕྲིན་ཅན་བཀོལ་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དེ་བཞིན་དྲ་ཐོག་སྲིད་དོན་འཕེལ་རྒྱས་ཀྱི་སྙན་ཞུ་ཁྱབ་བསྒྲགས་ཀྱི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་རེད། གསར་འགོད་པར་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོཌ་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཆ་འཕྲིན་ཅན་བཀོལ་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་། དྲ་སྦྲེལ་ཁྱབ་གདལ་ཐུབ་ཚད་70.4%ནས་79.7%བར་མཐོ་རུ་ཕྱིན་པ། གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་མྱུར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་སྦྲེལ་ཁྱབ་གདལ་གྱི་ཧེ་བག་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས་8.2ཆུང་དུ་ཕྱིན་པ། ཞིང་ལས་ཐོན་སྐྱེད་ཆ་འཕྲིན་ཅན་དུ་འགྱུར་ཚད་22.5%ནས་30%ཡན་བར་འཕར་ཡོད།

    ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ཆ་འཕྲིན་ཅན་འཕེལ་རྒྱས་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཆ་འཕྲིན་ལག་རྩལ་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དྲ་འཕྲིན་ཐོན་ལས་ཀྱི་སྐྱེ་ཁམས་བསྐྲུན་མགྱོགས་སུ་ཕྱིན་པ། ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། ཆ་འཕྲིན་ཅན་བཀོལ་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཚད་བརྒལ་ནས་ཕྱོགས་ཡོངས་ནས་མཐུན་རྐྱེན་སྦྱོར་བའི་ཕྱོགས་སུ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་རིང་རང་རྒྱལ་གྱི་དྲ་ཐོག་སྲིད་དོན་འཕེལ་རྒྱས་བརྟན་པོ་བྱུང་སྟེ་རྒྱལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི“དྲ་གཅིག”བསྐྲུན་ཞིང་། ཞིང་ཆེན་རིམ་པའི་སྲིད་འཛིན་ཆོག་འཐུས་དོན་ཚན་92.5%དྲ་ཐོག་ནས་བདག་སྤྲོད་བྱེད་པ་དང་།“མང་ཤོས་ལའང་ཐེངས་གཅིག་ལས་རྒྱུག་མི་དགོས་པ”བྱུང་ནས། དོན་དག་དེ་བས་མང་པོ“སྒྲུབ་ཐུབ་པ”དང“སྒྲུབ་བདེ་པོ”ནས“ནུས་ཆེའི་ངང་སྒྲུབ་ཐུབ་རྒྱུར”སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།