རྒྱལ་ཁབ་བཅོས་སྐྱོང་མཐོ་རིམ་གླེང་སྟེཊ་སྐབས་བཅུ་གཅིག་པ་པེ་ཅིང་དུ་འཚོགས་པ།
ཟླ་12ཚེས་24ཉིན། པེ་ཅིང་དུ་རྒྱལ་ཁབ་བཅོས་སྐྱོང་མཐོ་རིམ་གླེང་སྟེགས་སྐབས་བཅུ་གཅིག་པ་དང་བཟོ་སྐྲུན་ལས་རིགས་ཀྱི་གྲངས་རིག་ཅན་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ཚོགས་ཆེན་འཚོགས་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “སྔོན་ཐོན་བཟོ་སྐྲུན་ལས་རིགས་གཙོ་བོར་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས”པའི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་ནན་པོ་ཆུད་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་འཛུགས་ཀྱི་རྩ་བ་དང་རྒྱལ་སྟོབས་ཀྱི་རྨང་གཞིའི་ནུས་པ་དེ་བས་ལེགས་པོ་འདོན་པ་བཅས་བྱས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་གྲངས་རིག་ཅན་གྱི་ཕྱོགས་སྒྱུར་དང་མཐུན་རྐྱེན་སྦྱོར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་ལག་ལེན་གྱི་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།