དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བརྡ་ཐོ་བཀྲམ་ནས།

    2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་སྤྱོད་བཟང་སྒྲིག་ནན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-27

    ཟླ་12ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས《2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་སྤྱོད་བཟང་སྒྲིག་ནན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པའི་ནང་། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་སྤྱོད་བཟང་སྒྲིག་ནན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། སྤྱོད་བཟང་སྒྲིག་ནན་བྱེད་ཤུགས་ཆེ་རུ་བཏང་ནས་སྲོལ་བཟང་སྤྱོད་བཟང་གི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ས་གནས་ཁག་དང་སྡེ་ཚན་ཁག་ལ་ལོ་འཁོར་གྱི་ལས་འགན་རྩིས་ཁྲ་བསྡུར་བ་དང་རྩིས་བཤེར་བྱེད་པར་སྐུལ་མ་བཏང་སྟེ། ལས་དོན་དམ་འཛིན་ཐད་ཁྲལ་སེལ་སླ་བཅོས་བྱེད་པ་དང་། གྲངས་གཞིའི་སྙན་ཞུ་རྫུན་མ་བཟོ་བ། ཞིབ་བཤེར་རྩིས་ལེན་རྣམ་པ་ཙམ་བྱེད་པ་སོགས་ཀྱི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་ཤུགས་ཆེན་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་ཏན་དང་ཏན་ཏིག་བསྒྲུབས་ཏེ་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་མེད་པ་དང་། བདེ་འཇགས་ཞིབ་བཤེར་རྣམ་པ་ཙམ་བྱེད་པ། དག་ཐེར་བཅོས་སྒྲིག་ཕྱི་ཚུལ་ཙམ་བྱེད་པ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་དགོས།

    དེ་དང་ཆབས་ཅིག ལོ་མཇུག་ཏུ་གཞི་རིམ་གྱི་ཁུར་པོ་ལྕི་རུ་འགྲོ་བའི་གནས་ཚུལ་ལ་དམ་པོར་དམིགས་ནས། ཡིག་ཆ་དང་ཚོགས་འདུའི་ཚོགས་གྲངས་མང་ཞིང་ཕན་འབྲས་ཞན་པ་དང་། ལས་དོན་ལ་ཕྱོགས་སྡོམ་དང་སྐུལ་འདེད་གཏོང་བར་ཁ་གཡར་ནས་གཞི་རིམ་ལ་རང་འདོད་བཞིན་ལས་འགན་སྤྲོད་པ་དང་། དཔྱད་ཡིག་བསྐྱར་ཟློས་མང་པོ་བཟོ་རུ་འཇུག་པ། ལྟ་སྐུལ་ཞིབ་བཤེར་གྱི་དཔྱད་དཔོག་བརྟག་ཞིབ་བྱེད་མང་བ། སྒྲིག་འགལ་དང་རྣམ་པ་འགྱུར་བའི་སྒོ་ནས་དཔྱད་འདེམས་གཟེངས་བསྟོད་དང་དཔེ་སྟོན་བྱེད་སྒོ་སྤེལ་བ་སོགས་ཀྱི་གནད་དོན་ཡོ་བསྲང་ནན་པོ་བྱས་ཏེ། རྒྱ་ཆེའི་ལས་དོན་པར་དོན་འཁྱོལ་བྱེད་སེམས་དེ་བས་ཆེ་བ་ལྡན་པར་བྱེད་དགོས།

    དུས་ཆེན་རིང་། “སྤྱོད་ཚུལ་བཞིའི”གནད་དོན་འབྱུང་སླ་ཞིང་ཐོན་མང་པོ་ཡོད། བརྡ་ཐོའི་ནང་། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངོ་སྲུང་འགྲོ་འོང་གི་ལངས་ཤོར་སྤྱོད་ཚུལ་ལ་དམིགས་ཏེ། སྒྲིག་འགལ་ངང་བཟའ་བཏུང་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ། སྒྲིག་འགལ་ངང་གཉེན་སྒྲིག་དང་འདས་མཆོད། རྟེན་འབྲེལ་བཅས་བྱེད་པའི་སྐབས་དང་བསྟུན་ནས་རྒྱུ་ནོར་ལེན་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ཏེ། མངོན་མེད་གཞན་འགྱུར་གྱི་བྱ་སྤྱོད་གསལ་འབྱེད་གནད་འཁེལ་དང་དུས་ཐོག་ཏུ་ཐག་གཅོད་བྱས་ནས་འཕྲལ་དུ་ལག་བསྟར་དང་། དཔེ་མཚོན་ཅན་འདེམས་པ། བརྡ་ཁྱབ་གཏོང་བ་བཅས་ལ་དམ་འཛིན་གྱིས་སྤྱོད་ཚུལ་དང་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྒྲིག་གཏིང་ཟབ་བྱེད་ཤུགས་ཆེ་རུ་བཏང་ནས། བཅོས་སྐྱོང་ནན་པོ་བྱེད་པའི་བརྡ་རྟགས་མུ་མཐུད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    གཞན་ཡང་། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་བབ་ཆགས་ཀྱི་འཚོ་བ་སྐྱེལ་མཁས་པོ་བྱེད་པའི་གོམས་གཤིས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། གཞུང་དོན་སྣེ་ལེན་དང་། ཚོགས་འདུའི་གསོ་སྦྱོང་། དུས་སྟོན་གྱི་འགྲེམས་ཚོགས་གླེང་སྟེགས་སོགས་ཀྱི་བྱེད་སྒོ་ཚད་ལྡན་དུ་བཏང་སྟེ། ལོ་མཇུག་ཏུ་དོན་དངོས་དང་མི་འཚམ་པར་དངུལ་གང་བྱུང་དུ་གཏོང་བའི་བྱེད་སྤྱོད་གཏན་འགོག་ནན་པོ་བྱེད་དགོས། ལྟ་སྐུལ་དང་ལྟ་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགན་ནུས་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། རིན་གོང་མཐོ་བའི་ཐ་མག་དང་། ཨ་རག ཇ་བཅས་སྤྲོད་པ་དང་། “རྒྱས་སྤྲོས་ཀྱི་ལོ་གསར་དགོང་ཟས”གཤོམ་པ། དུས་ཆེན་གྱི་ལག་རྟགས་ཐུམ་སྒྲིལ་རྒྱན་སྤྲོས་ཆེ་བ་སོགས་ཀྱི་སྣང་ཚུལ་རྒྱབ་ཀྱི་ལས་རིགས་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་ཤུགས་ཆེན་བྱེད་དགོས།

    བརྡ་ཐོའི་བླང་བྱ་ལྟར། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལོ་མཇུག་ཏུ་དམངས་ཕན་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས། རྒན་གསོའི་དངུལ་དང་། མ་མཐའི་འཚོ་བ་འགན་ལེན་དངུལ། ལས་ཤོར་གྱི་འགན་བཅོལ་དངུལ་སོགས་དམངས་འཚོའི་མ་དངུལ་དུས་ཐོག་དང་འདང་ངེས་སྤྲོད་རྒྱུར་ལྟ་སྐུལ་དང་སྐུལ་འདེད་གཏོང་དགོས་པ་དང་། དབང་ཆར་བརྟེན་ནས་སྒེར་ཕན་སྒྲུབ་པ་དང་། གཉེན་ཉེ་དང་གྲོགས་པོར་ཁེ་བཟང་སྤྲོད་པ། དམངས་འཚོའི་མ་དངུལ་གཡོ་ལེན་གཞན་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས་སོགས་ཁྱབ་ཁོངས་དང་ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ནས་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། ཞིང་པ་ལས་མིའི་གླ་ཆ་དང་ཁེ་ལས་ཀྱི་དངུལ་གྲངས་འགྱངས་ཆད་སོགས་ཀྱི་བྱེད་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒྲིག་འགལ་ངང་ས་གནས་གཞན་དུ་ཁྲིམས་སྒྱུར་དང་ཁེ་ཕན་གཉེར་བའི་ཁྲིམས་སྒྱུར་ལ་བཅོས་སྒྲིག་ཤུགས་ཆེན་བཅས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།